གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འདི་ལོའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་གིས་ཕྱོགས་ཡོངས་ནས་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།  སྨན་དོན་མི་སྣར་སྦྱོང་བརྡར་སྤྲོད་རྒྱུར་དམ་འཛིན་བྱས་པས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་གཉེར་མི་སྣའི་ནང་མཐོ་རིམ་གོ་མིང་ཐོབ་མཁན ༥༡ དང་འབྲིང་རིམ་གོ་མིང་ཐོབ་མཁན ༣༧༢  དམའ་རིམ་གོ་མིང་ཐོབ་མཁན ༡༦༤༧ བཅས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤྱི་ལོ ༢༠༡༩ ལོའི་གཞི་རྩེ་གྲོང་ཁྱེར་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མི་སྣའི་སྦྱོང་བརྡར་ཇུས་གཞི་བཟོས་ནས།  སྔ་རྗེས་སུ་རྫོང་རིམ་པའི་སྨན་ཁང་གི་རྐང་འཛིན་ཆེད་ཚན་སྨན་པ་དཀའ་བཅུ་པ་དང་ལས་རོགས་སྨན་པ་དཀའ་བཅུ་པ་སོགས་རིགས་ཁག་གི་སྦྱོང་བརྡར་ཐེངས ༣༠ ལྷག་ཙམ་གཉེར་ནས་སྨན་པ ༡༩༠༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་པ་རེད།  དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་རིམ་གསུམ་སྨན་ཁང་གིས་དབུལ་ཕོངས་རྫོང་གི་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པ།  གྲོང་ཁྱེར་སྨན་ཁང་གིས་ས་བབ་མཐོ་བའི་ཤང་༼ གྲོང་རྡལ ༽གྱི་འཕྲོད་བསྟེན་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཀྱི་གོ་སྐབས་དམ་འཛིན་བྱས་ནས།  འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ད་ལོ་ཧྲང་ཧེ་གྲོང་ཁྱེར་དང་ཧྲན་ཏུང་ཞིང་ཆེན་གྱིས་སྨན་དོན་མི་སྣ ༣༡ གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ་འདེམས་མངག་བྱས་ནས།  གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྐང་འཛིན་སྨན་པ་དཀའ་བཅུ་པ ༨༠ ལྷག་ཙམ་གསོ་སྐྱོང་བྱས་པ་དང་སྔ་ཕྱི་བསྡོམས་ས་ཆ་དེ་གའི་སྨན་དོན་མི་སྣ ༡༤༨༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ཡོད་ཅིང་།  ནང་སའི་རིམ་པ་གསུམ་པའི་སྨན་ཁང་ ༢༠ ནས་སྨན་དོན་མི་སྣ ༡༠༢ གཞིས་རྩེ་གྲོང་ཁྱེར་གྱི་རྫོང་༼ ཆུས ༽བཅོ་བརྒྱད་ཀྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ལས་དོན་སྤེལ་བར་འདེམས་མངག་བྱས་ནས་བརྒྱུད་རོགས་ཁྲིད་གསུམ་བརྒྱུད་རྫོང་རིམ་པའི་སྨན་ཁང་གི་སྨན་དོན་མི་སྣ ༡༤༥ གསོ་སྐྱོང་བྱས་པ་དང་།  མི ༡༤ ནང་སར་སྦྱོང་བརྡར་ལ་བཏང་བ་དང་འཆད་འཁྲིད་ཐེངས ༡༤༠ ལྷག་ཙམ་བྱས་པས་མི ༢༡༠༠ ལྷག་ཙམ་ལ་ཕན་པ་ཐོབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]