རང་ལྗོངས་ནས་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་ཞིང་ལས་ཁོངས་གཏོགས་ནས་ཇུས་གཞི་བཟོས་ཏེ་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་།  སྤྱི་བདེ་དང་ཁྲོམ་ར་ལྟ་སྡོམས་སོགས་ཚན་པ་དང་མཉམ་འབྲེལ་ཐོག་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་རྒྱུ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ད་རེས་ཆེད་དོན་བཅོས་སྒྲིག་གི་གཙོ་གནད་ནི་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཁྱབ་ཁོངས་ནང་གནས་པའི་སྤུས་ཚད་གནད་དོན་ལ་དམིགས་པ་དང་།  སྔོ་ཚལ་སྟེང་ཞིང་སྨན་ལྷག་ལུས་དང་།  ཞིང་སྨན།  བྱ་སྒོང་།  ཕྱུགས་སྨན་ལྷག་ལུས་བཅས་ཀྱི་གནད་དོན་དང་།  དེ་བཞིན་ཞིང་འབྲོག་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ལྟ་བསྡོམས་ལས་ཀའི་བཅོས་སྒྲིག་རིམ་སྤོར་དང་བསྟུན་ནས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]