ལྷ་ཉིང་ལྕཌ་ལམ་གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ་འབའ་ཡུལ་ཕུག་ལམ་བདེ་བླག་ངང་བརྟོལ་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ ༥༠ ཡི་ཐོག་འབར་གས་གྱི་སྐད་སྒྲ་དང་འགྲོགས་ནས།  ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འདིང་རྒྱུར་འཕྲད་པའི་ཚོད་འཛིན་རང་བཞིན་གྱི་གཙོ་གནད་ལས་གཞི་སྟེ་འབའ་ཡུལ་ཕུག་ལམ་བདེ་བླག་ངང་བརྟོལ་བ་རེད།  ཕུག་ལམ་དེ་ཉེན་ཁ་ཆེ་བའི་ཕུག་ལམ་རིམ་པ་དང་པོའི་གྲས་སུ་ཚུད་པ་དང་ས་མཐོའི་ལྕགས་ལམ་སྐྲུན་སྐབས་ཕུག་ལམ་སྣེ་གཅིག་རང་ནས་བརྟོལ་ཚད་སྤྱི་ཁྲེ ༧༠༡༥ ཟིན་པའི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

འབའ་ཡུལ་ཕུག་ལམ་གྱི་འཛུལ་སྒོ་ནི་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་དུ་གནས་པ་དང་དོན་སྒོ་ནི་རྒྱ་ཚ་རྫོང་ལྷ་གསོལ་ཤང་དུ་གནས་ཡོད།  ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ ༡༣.༠༧༣ ཡོད་ཅིང་ས་བབ་མཐོ་ཤོས་ལ་སྤྱི་ཁྲེ ༣༥༠༠ ཟིན་པ་དང་ས་བབ་དམའ་ཤོས་སུ་སྤྱི་ཁྲེ ༢༠༨༠ ཟིན་གྱི་ཡོད།  ཨར་སྐྲུན་གྱི་བརྒྱུད་རིམ་ནང་ས་ངོས་ཀྱི་དྲོད་ཚད་མཐོ་ཤོས་ཨང་གྲངས ༤༧ ཟིན་པ་མ་ཟད་ཕུག་ལམ་གྱི་བརྒྱ་ཆ ༩༤ བྲག་རྡོ་གས་ཆག་ཁུལ་དུ་གནས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]