པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམས་ཚོགས་ཐོག་བོད་ཀྱི་ཚན་རྩལ་ཐོན་རྫས་འགྲེམས་ཚོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གོ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་འགྲེམས་ཚོགས་སྐབས་ཉེར་གཉིས་པ་ཐུགས་གྲ་ལེགས་འགྲིག་ངང་མཇུག་སྒྲིལ་བ་དང་།  སྐབས་དིའི་འགྲེམས་ཚོགས་ཐོག་རང་ལྗོངས་འཐུས་མི་ཚོགས་པས་ཐོན་རྫས་འགྲེམས་ཚོང་བྱས་པའི་ཡོང་འབབ་སྒོར་ཁྲི་ཚོ ༣༠.༦ ཟིན་པ་དང་།  མཉམ་ལས་གྲོས་མཐུན ༡༣ བཞག་པ་མ་ཟད་རྣམ་གྲངས ༤༨ ལ་འདོད་མཐུན་ཡང་བྱུང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྐབས་འདིའི་འགྲེམས་ཚོགས་དེ་ནི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ནས།  ཐོན་ལས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་ཁྲིད་སྟོན་བྱེད་ཅེས་པས་བརྗོད་དོན་གཙོ་བོ་བྱས་པ་དང་།  རྒྱལ་ཁབ་དང་ས་ཁུལ ༡༩ ཡི་ཞིང་ཆེན་དང་གྲོང་ཁྱེར༼ རང་སྐྱོང་ལྗོངས ༽ ༢༠ ལྷག་ཙམ་གྱི་འཐུས་མི་ཚོགས་པ་དང་ཁེ་ལས ༡༢༠༠ ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་པ་རེད།  རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཞིབ་འཇུག་ཁང་དང་བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་ཁང་དང་སློབ་ཆེན།  ཚན་རྩལ་རྣམ་པའི་ཁེ་ལས་བཅས ༢༨ ཀྱིས་རྣམ་གྲངས ༨༠ ལྷག་ཙམ་འོས་སྦྱོར་བྱས་པ་དང་།  ཚན་རིག་ཞིབ་འཇུག་གི་གྲུབ་འབྲས ༡༢༠ ལྷག་ཙམ་འགྲེམས་སྟོན་བྱས་པ་བརྒྱུད་རྒྱལ་ཡོངས་སུ་ཚོང་འགུགས་འོས་སྦྱོར་ངང་མཉམ་ལས་ཡོང་ཐབས་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]