རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༥ ཉིན།  རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས།  འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ཉན་པ་མ་ཟད་ལས་ཞུགས་ལས་དོན་དོན་འཁྱོལ་ཐད་སྐུལ་འདེད་བཏང་བ་རེད། 
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏིང་གཡས་ཤན་གྱིས།  ད་ལོའི་ཚུན་དུ་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་།  བསམ་ཕྱོགས་གསར་གཏོད་བྱེད་པ།  ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ།  ལས་གནས་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་བ།  དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།  སྤྱི་ཚོགས་ཀྱི་མཉམ་ཤུགས་ཆགས་པ་བྱེད་པ།  ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ།  རོགས་སྐྱོར་ལམ་སྲོལ་འཐུས་ཚང་བཟོ་བ་བཅས་བྱས་ཏེ།  སློབ་ཆེན་སློབ་ཐོན་སློབ་མ་དེ་བས་མང་བ་ཁྲོམ་ར་བརྒྱུད་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 
ད་བར་ལྗོངས་ཡོངས་སུ་སྐབས་ཐོན་སློབ་ཆེན་སློབ་ཐོན་སློབ་མ ༢༡༡༨༩ ལས་ཞུགས་ཐུབ་པ་དང་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༠.༤༧ ཟིན་ཞིང་།  ཁྲོམ་ར་བརྒྱུད་མི ༡༦༠༠༠ ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་བརྒྱ་ཆ ༧༠ ཡན་ཟིན་གྱི་ཡོད།  ཏིང་གཡས་ཤན་གྱིས་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཚན་པ་ཁག་གིས་དེང་སྐབས་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ཀྱི་ལས་དོན་ཁྲོད་གནས་པའི་མཁོ་སྤྲོད་སྤྱི་འབོར་དང་གྲུབ་ཆ་སོགས་ཀྱི་འགལ་ཟླ་དང་གནད་དོན་ལ་དམིགས་ཏེ།  ལས་ཞུགས་གང་ལེགས་ཐུབ་པའི་གོ་སྐབས་གཏོད་པ་དང་དྲང་བདེན་གྱི་ལས་ཞུགས་ཁོར་ཡུག་གཏོད་པ།  ལས་ཞུགས་འཇོན་ཐང་སྐྱེད་སྲིང་བྱེད་པ།  ལུགས་མཐུན་གྱི་ལས་ཞུགས་གྲུབ་ཆ་གཏོད་པ།  ཞི་མཐུན་ལས་ཞུགས་ཀྱི་འབྲེལ་བར་སྲུང་སྐྱོང་བྱེད་པ་བཅས་བྱས་ཐོག་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་ཐབས་ཇུས་གནད་འཕིགས་འདོན་པ།  ལྟ་སྐུལ་མཛུབ་ཁྲིད་ཀྱི་དཔྱད་ཞིབ་ནན་དུ་གཏོང་བ་བཅས་བྱེད་པ་དང་།  རོགས་དངུལ་བྱ་དགར་བསྒྱུར་བའི་ཐོག་ནས་གྲོང་ཁྱེར༼ ས་ཁུལ ༽གྱི་ལས་ཞུགས་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ།  ད་ལོའི་དམིགས་ཚད་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད། 
ད་རེས་ཀྱི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་དང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ།  སློབ་ཆེན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]