གོ་འཇོ་རྫོང་གིས་དབུལ་སྐྱོར་རྒྱ་ཟས་གཡོས་སྦྱོར་སྦྱོང་བརྡར་འཛིན་གྲྭ་གཉེར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་རྒྱ་ཟས་གཡོས་སྦྱོར་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་མི ༥༠ སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།  ད་ཐེངས་ཀྱི་སྦྱོང་བརྡར་ནི་མང་ཚོགས་དབུལ་པོར་ལས་ཞུགས་རྩལ་ནུས་ཤིག་རག་པ་བྱེད་རྒྱུ་དང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།  རྫོང་དེ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤྱི་ཡོངས་ལ་ཞབས་ཞུ་དང་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན།

ཤེས་རྟོགས་བྱས་པར་གཞིགས་ན།  སྦྱོང་བརྡར་འཛིན་གྲྭ་དེ་ཀྲུང་དབྱང་ནོར་སྲིད་ཀྱི་མཐའ་འཁོར་དབུལ་ཕོངས་ཞིང་འབྲོག་པའི་བོད་ཟས་ཀྱི་ལས་གཏོད་སློབ་གསོ་གོང་འཕེལ་དཔེ་སྟོན་རྣམ་གྲངས་ཡིན་ཞིང་སྦྱོང་བརྡར་གྱི་དུས་ཡུན་ཉིན ༤༥ ཡིན།  སྦྱོང་བརྡར་བྱེད་སྟངས་ཐད་གཡོས་སྦྱོར་གཞུང་ལུགས་དང་དོན་དངོས་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་སྤེལ་རྒྱུ་ཡིན་ཞིང་།  སྦྱོང་བརྡར་སྤྲོད་རིང་།  དགེ་རྒན་གྱིས་བཟའ་བཅའི་རྒྱུ་ཆ་འདེམས་པ་དང་ཕྱེ་མ་གཡོ་སྟངས་སོགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱེད་རྒྱུ་མ་ཟད།  ཚལ་རིགས་བཏུབ་སྟངས་མི་ཤེས་པའི་སློབ་མ་ཚོར་ད་དུང་གཅིག་གཏད་གཅིག་གིས་དེའི་སྐོར་སློབ་ཁྲིད་ཀྱང་བྱ་རྒྱུ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]