མངའ་རིས་ས་ཁུལ་གྱིས་དམངས་དོན་སྒྲུབ་ནས་དམངས་ཀྱི་འདུན་པ་སེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འདི་ལོའི་ཚུན་དུ་མངའ་རིས་ས་ཁུལ་གྱིས་གཙོ་གནད་གོང་འཕེལ་དང་ཞན་ཆ་སེལ་བ།  དཀའ་གནད་འགག་སྒྲོལ་བཅས་ཐད་ཀྱི་ལས་དོན་ཤུགས་ཆེ་སྤེལ་ནས།  རྨང་གཞི་བརྟན་གཏོང་དང་དམངས་ཕན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།
མངའ་རིས་ས་ཁུལ་གྱིས་སྔ་རྗེས་སུ་མཚོ་ཆེན་དང་དགེ་རྒྱས།  སྒེར་རྩེ་བཅས་རྫོང་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ཞན་པའི་གྲོང་ཚོར་རང་སྐྱོང་ལྗོངས་དང་ས་ཁུལ་རིམ་པའི་བཅའ་སྡོད་ལས་ཁུངས ༢༦ ལས་དོན་སྤེལ་བར་
མངག་གཏོང་བྱས་པ་དང་སྦྲགས།  ཉམས་མྱོང་དང་འཇོན་ཐང་ཆེ་ལ།  ལས་དོན་སྒྲུབ་མཁས་པའི་ལས་བྱེད་པ ༥༧༢ གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནང་མངག་གཏོང་བྱས་ཏེ།  གྲོང་ཚོར་བཅའ་སྡོད་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྩ་འཛུགས་ཀྱིས་འགན་སྲུང་བརྟན་པོ་བྱས་ཡོད།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཁག་ལ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་ཏང་ཡོན་གྱི་གདོང་ལེན།  ཏང་འཛུགས་དམངས་ཕན།  ཏང་འཛུགས་མཐའ་བརྟན་བཅས་ཀྱི་ལས་གཞི་ཁག་བཞི་ལག་བསྟར་བྱེད་རོགས་བྱས་ནས།  ཏང་རྩ་འཛུགས་སྤུས་རྟགས་གཏོད་རྒྱུའི་ལས་དོན་ཏན་ཏིག་སྒྲུབ་པ་དང༌ཕྱུག་འགྱུར་འཇོན་ཐང་ཅན ༤༩ ཏང་ནང་ཞུགས་སུ་བཅུག་པ་མ་ཟད།  ཏང་ཡོན ༤༣ གྲོང་ཚོའི་རྗེས་གྲབས་ལས་བྱེད་པར་གསོ་སྐྱོང་བྱས་ཏེ་གྲོང་ཚོའི་རྗེས་གྲབས་སྟོབས་ཤུགས་ཀྱང་ཆེ་རུ་བཏང་ཡོད།

ཏང་དོན་དང་གྲོང་ཚོའི་བྱ་བ།  ནོར་སྲིད་ལས་དོན་བཅས་ཀྱི་ལམ་ལུགས ༡༣༣ འཐུས་ཚང་བཟོས་ནས་ཉམས་ཞན་གྱི་གཞི་རིམ་ཏང་རྩ་འཛུགས ༡༥ ལ་བཅོས་སྒྲིག་བྱས་པ་དང་།  གཞི་རིམ་ཏང་འཛུགས་ཀྱི་ལས་དོན་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།  དེ་དང་ཆབས་ཅིག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་ཀྲེ་པུའུ་དང་མཉམ་ལས་ཁང༌།  ཞིང་འབྲོག་དབུལ་ཕོངས་དུད་ཚང་བཅས་དང་ཟུང་བྲེལ་བྱས་ནས།  དབུལ་སྐྱོར་གནད་འཕིགས་ལག་བསྟར་བྱེད་རྒྱུར་གཞོགས་འདེགས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་འཛུགས་དམངས་ཕྱུག་དང་གྲོང་ཚོ་སྟོབས་ཆེར་གཏོང་བའི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་མ་ཟད།  གློག་རྡུལ་ཚོང་ལས་དང་སྐྱེལ་འདྲེན།  ཁྱིམ་ཚང་མགྲོན་ཁང༌།  ཁྱིམ་ཚང་ཞབས་ཞུ་ལྟེ་གནས་སོགས་མང་ཚོགས་ཀྱི་ཐོན་ལས་རྣམ་གྲངས་ཀྱང་གོང་འཕེལ་བཏང་བ་དང་།  ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས ༩༠ གཉེར་བས་མང་ཚོགས ༤༧༤༩ ལ་འབབ་འཕར་བརྟན་པོ་བྱུང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]