ལྷ་ས་དང་ལྷོ་ཁ་ནག་ཆུ་བཅས་གྲོང་ཁྱེར་གསུམ་གྱི་འབྲོག་ལས་ཐོན་སྐྱེད་ཐད་གྲུབ་འབྲས་ལེགས་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང༌།  ལྷ་ས་དང་ལྷོ་ཁ།  ནག་ཆུ་བཅས་གྲོང་ཁྱེར་གསུམ་གྱིས་རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དེ་དབུལ་གྲོལ་འགག་སྒྲོལ་ལ་རོགས་འདེད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཏེ།  རིགས་དབྱེ་ཇུས་འདོན་དང༌རྨང་གཞིའི་སྒྲིག་བཀོད་ཐད་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ།  ཡུལ་ལུང་སྤུས་རྟགས་གཏོད་པ་བཅས་བྱས་པས་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་དེང་རབས་གསོ་ཚགས་ལ་འགྱུར་ཐུབ་པ་བྱུང་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ལྷ་ས་གྲོང་ཁྱེར་གྱིས་ཁུལ་ཁོངས་ཀྱི་ལེགས་ཆར་བརྟེན་ནས་མ་དངུལ་སྒོར་དུང་ཕྱུར ༣.༡ བཏང་སྟེ་ཁྲེན་ཀོན་ཆུས་སུ་ཚད་གཞི་མཐོ་བའི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་སྐྲུན་པ་དང༌།  ལྷོ་ཁ་གྲོང་ཁྱེར་གྱིས་རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་གོང་འཕེལ་གྱི་གཟན་རྩྭ་དཀོན་པར་དམིགས་ཏེ་མུའུ་སྟོང་ཁ་ལོན་པའི་མི་ཐབས་གཟན་རྩྭའི་རྟེན་གཞི ༡༤ སྐྲུན་པ།  ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱི་ལེགས་ཆར་བརྟེན་ནས་འབྲི་གཡག་གསོ་ཚགས་མཐུན་ཚོགས་དང་ཞིང་འབྲོག་པའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང༌།  ཤ་དང་འོ་མའི་ཟས་རིགས་ལས་སྣོན་བཟོ་གྲྭ་བཅས་བཙུགས་ཡོད།  ད་དུང་གྲོང་ཁྱེར་དེ་གསུམ་གྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་ཞིང་འབྲོག་པ་མ་རྐང་ནང་ཞུགས་པ།  མ་རྐང་གཞིར་བཟུང་བགོ་འགྲེམས་རྒྱག་པ།  ཉེན་ཁ་མཉམ་འཁུར་སོགས་ཀྱི་བྱ་ཐབས་བཟུང་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་བ་དང༌།  རང་ངོས་ཀྱི་ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཚོང་འགུག་མ་འདྲེན་བྱས་ཏེ་འབྲོག་ལས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་བས།  འདམ་གཞུང་རྫོང་གི་ཚགས་ཤ་དང་ཨ་མདོ་རྫོང་གི་སྟོད་མའི་ལུག་ཤ་སོགས་ཀྱི་ཐོན་རྫས་ཅང་སུའུ་དང་ཁྲེན་ཏུ་སོགས་ལྗོངས་ཕྱིའི་ཁྲོམ་རར་བཏོན་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

སྤྱི་ལོ ༢༠༡༧ ལོའི་ཚུན་དུ།  ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༦ ལྷག་གྲབས་གསོག་བྱས་ཏེ་བཞོན་མའི་གསོ་ཚགས་དཔེ་སྟོན་དུད་ཚང་ ༦༠༠༠ དང་བཞོན་མ་གསོ་ཚགས་སྡེ་ཁུལ ༣༥  ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས ༣ བཅས་སྐྲུན་པ་དང༌།  ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༡.༡༥ བཏང་ནས་ལྷུན་རྩེའི་གཉལ་སྟོད་ཚད་གཞི་ཅན་གྱི་གསོ་ཚགས་རྟེན་གཞི་སྐྲུན་པ་དང༌།  མ་དངུལ་སྒོར་དུང་ཕྱུར ༡.༢ བཏང་ནས་སྣེ་གདོང་དཔལ་རོང་བཞོན་མ་གསོ་ཚགས་རྟེན་གཞི་སྐྲུན་པ།  ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༨ ལྷག་བཏང་ནས་འབྲོག་ལས་དབུལ་སྐྱོར་ཐོན་ལས་སྡེ་གླིང་བཙུགས་པ་དང༌།  འབྲི་གཡག་ཚད་གཞི་ཅན་གྱི་གསོ་ཚགས་དབུལ་སྐྱོར་ཐོན་ལས་རྟེན་གཞི་དང་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ  ཚགས་ཤ་དང་ལུག་ཤ་ལས་སྣོན་བཟོ་གྲྭ་བཅས་སྐྲུན་ཡོད་པ་མ་ཟད།  གྲོང་ཁྱེར་དེ་གསུམ་གྱིས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་རྒྱུ་དེ་ལེགས་ཆའི་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འབྲོག་ལས་ཐོན་ལས་སྔར་བས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]