ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༣ ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འདི་ཉིད།  རྒྱལ་ཡོངས་ཀྱི་ཁག་གཉིས་པ་དང་བོད་ཀྱི་ཁག་དང་པོའི་དབུལ་གྲོལ་རྫོང་༼ཆུས༽གི་གྲས་ཤིག་ལ་གྱུར་ཡོད་ཅིང༌།  ད་ཆ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༣༨༠ དང་མང་ཚོགས ༡༡༦༠ ཡི་ལོ་གཅིག་གི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་དེ།  སྤྱི་ལོ ༢༠༡༥ ལོའི་སྒོར ༢༡༥༣ ནས་སྤྱི་ལོ ༢༠༡༩ ལོའི་ཟླ ༡༠ པའི་སྒོར་ཁྲི ༣.༨༡༣༣ བར་འཕར་སྣོན་བྱུང་ནས་ལྡབ ༡༦.༧ འཕར་ཡོད།  གཞན་ཡང་།  ཁྲེང་ཀོན་ཆུས་ཀྱིས་ལོ་གསུམ་བསྟུད་མར་དབུལ་གྲོལ་རྫུན་མ་མེད་པ་དང་དབུལ་ལོག་མི་ཐེབས་པ།  དབུལ་ཕོངས་གསར་པ་མི་ཐོན་པ་བཅས་བྱས་པ་མ་ཟད།  མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་ཀྱང་བརྒྱ་ཆ ༩༧.༨ ཡན་ཟིན་ཐུབ་པ་བྱས་ཡོད།

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་སྐབས་ཁྲེང་ཀོན་ཆུས་ཏང་སྲིད་ཀྱིས་མཉམ་འཛིན་མཉམ་སྡོམ་བྱེད་པ་དང༌།  ཚན་པས་གཞོགས་འདེགས་ཧུར་ཐག་བྱེད་པ།  གཏོགས་ཁོངས་ཀྱིས་མཉམ་ཤུགས་བཏོན་ནས་འགག་སྒྲོལ་ཡོང་བ་བྱེད་པ་བཅས་དབུལ་གྲོལ་ལས་དོན་ཧུར་ཐག་སྤེལ་ཞིང༌།  དབུལ་སྐྱོར་གྱི་འགན་འཁྲིའི་མ་ལག་བཙུགས་ཏེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ ༣༢ ཀྱིས་གྲོང་ཚོ་དང་དུད་ཚང་འགན་གཙང་ལེན་པ་དང༌།  ཏང་ཡོན་ལས་བྱེད་པ ༣༣༠ ཡིས་དབུལ་ཕོངས་དུད་ཚང་ ༣༨༠ དང་གཉེན་སྦྲེལ་གྲོགས་འགྲིག་བྱས་པས་འགན་འཁྲི་ལྗིད་པོ་མཉམ་དུ་འཁུར་བའི་རྣམ་པ་བཟང་པོ་ཆགས་ཡོད།

གཞན་ཡང་།  ཁྲེང་ཀོན་ཆུས་གྱིས་མ་དངུལ་སྒོར་དུང་ཕྱུར ༣.༤ བཏང་སྟེ་ཨེན་ཧུད་ཡོན་ཞེས་པའི་གནས་སྤོས་བཀོད་སྒྲིག་སྡེ་ཁུལ་བསྐྲུན་ཟིན་ནས།  ཁྲེང་ཀོན་ཆུས་དང་རྫོང་༼ཆུས༽གཉིས་སྒྲོལ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ ༧༠༡ ཡི་མང་ཚོགས ༢༨༣༣ གནས་སྤོས་རྗེས་ཀྱི་འགན་སྲུང་ལས་དོན་ཧུར་ཐག་སྒྲུབ་སྟེ་སྔ་ཕྱི་བསྡོམས་མང་ཚོགས ༩༣༥ སྤོ་འགྱུར་ལས་ཞུགས་ཐུབ་པ་དང་།  ལོ་ཚད་ལོན་པའི་བྱིས་པ ༣༧༩ སློབ་གྲྭ་འགྱུར་ནས་སློབ་ཞུགས་ཐུབ་པ་བྱས་ཡོད་པ་དང་།  མ་དངུལ་སྒོར་དུང་ཕྱུར ༡༨.༧༩ བཏང་ནས་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་དང་ཧེང་ཐུང་ཟོག་འདྲེན་འདུ་འགྲེམས་ལྟེ་གནས།  རིག་ནུས་དྲོད་ཁང༌།  གར་པ་སྐྱེ་ཁམས་འབྲོག་ར།  འོ་རྫས་ལས་སྣོན་བཟོ་གྲྭ་སོགས་ས་གཙང་འབྱུང་འཕྲོད་ཐོན་ལས་མང་དག་ཅིག་བཏོད་དེ་དབུལ་ཕོངས་མང་ཚོགས ༢༦༤ ལས་ཞུགས་ཐུབ་པ་བྱས་ཡོད།  ལས་ཞུགས་ལས་གཏོད་དང་བྱ་དགའི་མ་དངུལ་སྤྲོད་པའི་ཐད་མ་དངུལ་སྒོར་ཁྲི ༡༠༠༠ བཏང་སྟེ།  ཞིང་འབྲོག་མང་ཚོགས་དང་སློབ་ཆེན་སློབ་ཐོན་སློབ་མ།  ཡོང་འབབ་དམའ་བའི་མང་ཚོགས་བཅས་ལས་ཞུགས་ཧུར་ཐག་ཐུབ་རྒྱུ་དང་བློ་ཁོག་ཆེན་པོས་བྱ་གཞག་གཏོད་རྒྱུར་སྐུལ་ལྕག་བཏང་ཡོད།  གཞན་ཡང་།  ཁྲེང་ཀོན་ཆུས་ཀྱིས་སྔ་རྗེས་སུ་སྨན་བཅོས་རོགས་སྐྱོབ་ཀྱི་བདེ་ཐང་འགན་སྲུང་ཞེས་པ་དང༌།  སྐྱེ་ཁམས་ཁ་གསབ་ཀྱི་འབབ་འཕར་བརྟན་པོ་ཞེས་པ།  སྲིད་ཇུས་ཐ་སྐྱོང་གི་ཆ་ཚང་འགན་སྲུང་ཞེས་པ་སོགས་དབུལ་སྐྱོར་དབུལ་གྲོལ་གྱི་བྱ་ཐབས་བཟང་པོ་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]