ཉེ་བའི་ལོའི་ཚུན་དུ་ནག་ཆུས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་ཚོང་དོན་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  དེང་སྐབས་ནག་ཆུ་གྲོང་ཁྱེར་དུ་ཉིན་རེར་ཆ་སྙོམས་ཚོང་དུད ༡༧ རེ་གསར་དུ་ཐོ་འགོད་བྱེད་ཀྱི་ཡོད་པ་དང་ད་ལོ་ཚོང་དུད ༦༠༡༣ གསར་དུ་ཐོ་འགོད་བྱས་ཡོད་པས།  གྲོང་ཁྱེར་དེ་ཡོངས་སུ་ཚོང་དུད ༣༠༠༧༠ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨ འཕར་བ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར ༣༣༧.༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༧.༧ འཕར་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ནག་ཆུ་གྲོང་ཁྱེར་གྱིས་མང་གོ་གཅིག་ཆོད་དང་ཨང་རྟགས་ཁེ་རང་གི་ཚོང་གཉེར་ལག་འཁྱེར ༤༡༨༧ སྤྲད་པས་ལག་འཁྱེར་བརྗེ་པོ་རྒྱག་ཚད་བརྒྱ་ཆ ༩༨ ཟིན་ཡོད།  དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱིས་ལྟ་བསྡོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་ལས་ཀར་དམ་འཛིན་བྱེད་པ་དང་།  ཡིད་རྟོན་ཚོད་འཛིན་གྱི་སྒྲིག་སྲོལ་གཏོད་དེ་ཡིད་རྟོན་མེད་པའི་ཚོང་དུད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཐོག་ཡོངས་བསྒྲགས་དམར་འདོན་བྱས་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་ཡོད།

གཞན་ཡང༌།  ནག་ཆུ་གྲོང་ཁྱེར་གྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྤུས་ལེགས་ཕན་ཆེའི་སྲིད་དོན་ཁོར་ཡུག་གཏོད་པ་དང༌།  ཚོང་འགུག་མ་འདྲེན་གྱི་ཞབས་ཞུ་བྱེད་གནས་དང་སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འགྲོ་ལུགས་གཉེར་ཡུལ་བཀོད་སྒྲིག་བྱས་པ།  ཞིང་འབྲོག་པའི་ཆེད་ལས་གསོ་སྤེལ་ལས་རིགས་དང་ཁེ་ལས་ཆུང་གྲས་གོང་འཕེལ་བཅས་ལ་སྐུལ་འདེད་བཏང་བ་མ་ཟད།  ཁེ་ལས་ཆུང་གྲས་ལ་རོགས་སྐྱོར་རེ་ཞུ་ཕྱོགས་སྟོན ༥༠ ལྷག་ཙམ་མཁོ་འདོན་བྱས་པས་ཁེ་ལས་ཆུང་གྲས་ཀྱི་གོང་འཕེལ་ལ་ཡང་སྐུལ་འདེད་ཐེབས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]