རང་ལྗོངས་འཕེལ་བསྒྱུར་ཚན་པས་ནད་ཡམས་འགོག་ཟོན་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཐོན་ཚུན།  རང་ལྗོངས་ཀྱི་འཕེལ་བསྒྱུར་ཚན་པས་ནད་ཡམས་འགོག་ཟོན་དང་ཐོན་སྐྱེད་སླར་གསོའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ།  འཕྲལ་སྡོམ་དངོས་ཟོག་གཏོང་འགྲེམས་བྱེད་པ་དང་མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།  གཙོ་གནད་རྣམ་གྲངས་བསྐྱར་ཚུགས་དང་ཐོན་སྐྱེད་འགན་ལེན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ།  ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ལ་གཅིག་འགྱུར་འཆར་འགོད་དང་སྐུལ་འདེད་བཏང་ཡོད།
ནད་ཡམས་ཐོན་རྗེས་ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས།  ནད་ཡམས་འགོག་ཟོན་གྱི་འཕྲལ་སྡོམ་དངོས་ཟོག་གཏོང་སྤྲོད་བྱ་རྒྱུའི་རེ་ཞུ་བྱས་ཏེ་ཁ་རས་ཁྲི་ཚོ ༤༢.༣ གཤམ་སྤྲོད་བྱས་ཡོད།  དེ་དང་ཆབས་ཅིག་འདེམས་སྒྲུག་རེ་ཞུ་བྱས་པ་བརྒྱུད་རང་ལྗོངས་ཀྱི་ཁེ་ལས ༩ ནད་ཡམས་འགོག་ཟོན་གྱི་གཙོ་གནད་འགན་སྲུང་ཁེ་ལས་ཁོངས་སུ་བཅུག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱིས་མ་འཇོག་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་རྒྱལ་ཁབ་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་གཙོ་གནད་རྒྱབ་སྐྱོར་གྱི་ཁྱབ་ཁོངས་བཞིའི་རྣམ་གྲངས་རེ་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ས་གནས་ཀྱི་ཆེད་དོན་བུན་འཛིན་རེ་ཞུ་བྱེད་ཤུགས་ཆེ་རུ་བཏང་བས་མ་འཇོག་དོན་འཁྱོལ་བྱེད་ཚུལ་ཡག་པོ་བྱུང་ཡོད།
ནད་ཡམས་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་འགྱུར་འཆར་འགོད་བྱས་ཏེ།  རང་ལྗོངས་འཕེལ་བསྒྱུར་ཚན་པས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཆར་གཞི་ནན་ཏན་བཟོས་ནས་འགྲིམ་འགྲུལ་དང་།  ནུས་རྒྱུ།  ཆུ་བེད།  དབུལ་གྲོལ་འགག་སྒྲོལ་སོགས་ཚན་པ་དང་ཨར་སྐྲུན་ཁེ་ལས་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད།  ད་བར་མངའ་རིས་གློག་དྲ་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞི།  ལྷ་ཉིང་ལྕགས་ལམ།  གོང་དཀར་འབབ་ཐང་གི་བསྒྱུར་བཟོ་རྒྱས་སྐྲུན།  ཤང་ཆུའི་ཆུ་བེད་ལྟེ་བའི་ལས་གཞི་སོགས་གཙོ་གནད་རྣམ་གྲངས ༤༨ ལས་འགོ་གསར་འཛུགས་དང་བསྐྱར་ཚུགས་བྱས་ཡོད།
གཞན་ཡང་།  རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཚན་པ་དང་གྲོང་ཁྱེར༼ས་ཁུལ༽ཁག་དང་མཉམ་དུ།  ནད་ཡམས་ལས་བྱུང་བའི་ཤུགས་རྐྱེན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ།  འབྲུ་རིགས་དང་རྡོ་སྣུམ།   རང་བྱུང་སོལ་རླངས།  གློག་ཤུགས་སོགས་ནུས་རྒྱུ་དང་ཚོང་ཟོག་གལ་ཆེན་ལ་ཉིན་རེའི་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན།  སྙན་སེང་བཅས་ཀྱི་ལམ་ལུགས་ལག་ལེན་བསྟར་ནས།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་རོགས་འདེགས་དང་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]