ནག་ཆུས་སློབ་ཆེན་ཐོན་པའི་སློབ་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་ནག་ཆུ་གྲོང་ཁྱེར་མི་སྤྱི་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་ནག་ཆུ་གྲོང་ཁྱེར་དུ་སློབ་ཆེན་ཐོན་པའི་སློབ་མ ༢༠༨༡ ཡོད་པའི་ཁྲོད།  སློབ་མ ༢༠༤༥ ལས་ཞུགས་ཐུབ་པས་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༩༨.༢༧ ཟིན་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་ནག་ཆུ་གྲོང་ཁྱེར་གྱིས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཕྱོགས་བསྒྱུར་དུས་མཚམས་ལ་འཕྲད་པའི་གནོན་ཤུགས་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་ནས།  ལས་ཞུགས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལས་བྱེད་པའི་རོགས་སྐྱོར་བྱ་ཐབས་ཀྱི་སྐུལ་ལྕག་འོག་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
གཞན་ཡང་།  སློབ་ཆེན་ཐོན་པའི་ནག་ཆུ་གྲོང་ཁྱེར་གྱི་སློབ་མས་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་པ་དེ་ཐར་ཐོར་རྣམས་པ་ནས་ཚོགས་སྒྲིག་རྣམ་པའི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཏེ།  ལོ་འདི་རང་ལ་ཐོན་པའི་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་མཁན ༡༥༠ ཟིན་ཡོད།  ནག་ཆུ་གྲོང་ཁྱེར་གྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་།  ན་ནིང་ལོ་མཇུག་བར་ནག་ཆུ་གྲོང་ཁྱེར་གྱིས་སློབ་མ ༢༦༩ ལ་ལས་གཏོད་ཁ་གསབ་སྒོར་ཁྲི་ཚོ ༨༥༩ ལྷག་ཙམ་སྤྲད་པ་དང་ཆབས་ཅིག 
སློབ་ཐོན་སློབ་མ་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱ་རྒྱུར་སྔར་བས་ཁྲིད་སྟོན་བྱ་ཆེད།  ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་སློབ་ཆེན་ཐོན་པའི་སློབ་མ་ལྗོངས་ཕྱི་རོལ་དུ་ལས་ཞུགས་ལས་གཏོད་བྱེད་པའི་ཁ་གསབ་ཐེབས་རྩ་སྒོར་ཁྲི་ཚོ ༣༠༠༠ བཀོད་སྒྲིག་བྱས་པ་མ་ཟད།  ལས་དོན་དེ་སྤྱི་ལོ ༢༠༢༠ ལོར་ནག་ཆུ་གྲོང་ཁྱེར་གྱིས་དམངས་ཆེད་དངོས་དོན་བཅུ་སྒྲུབ་རྒྱུའི་རྣམ་གྲངས་ཀྱི་གྲས་སུ་ཡང་བཅུག་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]