ད་ལོ་རང་ལྗོངས་སུ་ཐོན་འབབ་མཐོ་བའི་ནས་སོན་གསར་པ་ཞིག་ཁྱབ་གདལ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོ་རང་ལྗོངས་ཀྱིས་ལྷ་ས་དང་གཞིས་རྩེ།  ལྷོ་ཁ།  ཆབ་མདོ་སོགས་ཀྱི་རྫོང་དྲུག་ཏུ ༡༣.༥༡༧༡.༧༼ཚབས་རྟགས༽རྟགས་ཅན་གྱི་ནས་སོན་གསར་པ་མུའུ་ཁྲི་ཁ་ལོན་པ་ཁྱབ་གདལ་གཏོང་རྒྱུ་རེད།

རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་དབུ་འཛིན་ཉི་མ་བཀྲ་ཤིས་ནས་ངོ་སྤྲོད་གནང་བར་གཞིགས་ན།  ནས་སོན་གསར་པ་དེར་སྙེ་རྐང་མི་ཆག་པ་དང་།  ཞིང་འཕྲུལ་གྱིས་བརྔ་བསྡུར་འཚམས་པ།  ཐོན་འབབ་ཆེ་བ་སོགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་།  ཚོད་འདེབས་ལོ་གཉིས་བྱས་པ་བརྒྱུད་སོ་ནམ་པས་དགའ་པོ་བྱེད་ཀྱི་ཡོད་པ་དང་།  ཆུ་ལུད་སོགས་གཡོག་བྱེད་སྟངས་གཅིག་མཚུངས་ཀྱི་ཆ་རྐྱེན་འོག  ནས་སོན་གསར་པ་དེ་དེང་སྐབས་ཁྱབ་གདལ་གཏོང་བཞིན་པའི་བོད་ནས་ཨང་ ༢༠༠༠ ལས་བརྒྱ་ཆ ༡༠ ཡན་གྱི་ཐོན་འབབ་ཆེ་བ་དང་།  ཧི་མ་ལ་ཨང་ ༢༢ ལས་བརྒྱ་ཆ ༥ ཡན་གྱི་ཐོན་འབབ་ཆེ་བ་ཡོད་པ་རེད།

ད་ལོ་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་༡༣.༥༡༧༡.༧༼ཚབས་རྟགས༽རྟགས་ཅན་གྱི་ནས་སོན་རྒྱ་མ་ཁྲི་ཚོ ༡༨ ལ་སྨན་ཐུམ་རྒྱག་རྒྱུ་ཡིན་ཞིང་།  སོན་གསར་དེ་འདེབས་ཁུལ་གྱི་ཞིང་འབྲོག་མང་ཚོགས ༢༠༠ ལ་འདེབས་འཛུགས་ལག་རྩལ་སོགས་དང་འབྲེལ་བའི་ཤེས་བྱ་སྦྱོང་བརྡར་སྤྲོད་རྒྱུ་རེད།  གཞན་ཡང་དེང་སྐབས་དཔེ་སྟོན་ཁུལ་འཆར་འགོད་དང་འདེབས་འཛུགས་ཞིང་ཁ་འདེམས་པ།  ས་དཔྱད་ལུད་སྦྱོར།  སོན་འདེམས་སྒྲུག་སོགས་ཀྱི་ལས་དོན་སྤེལ་ཟིན་ནས་སོན་བཟང་དེ་རིམ་བཞིན་ལྗོངས་ཡོངས་སུ་ཚོད་འདེབས་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]