རང་སྐྱོང་ལྗོངས་ཏང་སྲིད་ལས་ཁུངས་བསྒྱུར་བཅོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཡོང་ཁུངས།   བོད་ལྗོངས་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཚེས ༡༡ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་བསྒྱུར་བཅོས་ཟབ་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་དང་པོ་བསྐོང་འཚོགས་བྱས་ཏེ།  ཏང་དང་རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་།  ས་གནས་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག  ལྗོངས་ཡོངས་ཀྱི་ཏང་སྲིད་ལས་ཁུངས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་སྐུལ་སློང་སྐུལ་ཁྲིད་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  ལས་ཁུངས་བསྒྱུར་བཅོས་ལས་དོན་གྱི་ཆེད་དོན་ཚན་ཁག་གི་རྩ་འཛུགས་སྒྲོམ་གཞི་དང་འཁོར་རྒྱུགས་ལམ་སྲོལ་གཏན་འཁེལ་བྱས་ནས།  རང་ལྗོངས་ཀྱི་ལས་ཁུངས་བསྒྱུར་བཅོས་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ལུགས་གསུངས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]