བོད་ཀྱི་འཐུས་མི་ཚོཌ་པས་བཞུཌ་གནས་སུ་ཚང་འཛོམས་ཚོཌ་འདུ་འཚོཌ་ཏེ་འབྲེལ་ཡོད་སྙན་སྒྲོན་ཁག་གི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༡༤ ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་ཚོགས་འདུ་འཚོགས་པ་རེད།  ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་།  སྤྱི་ལོ ༢༠༡༨ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི།  སྤྱི་ལོ ༢༠༡༨ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༡༩ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ལས་དོན་སྙན་སྒྲོན།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་ཞིབ་གནང་བ་མ་ཟད།  ཕྱི་ཕྱོགས་ཚོང་དོན་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་གཅོད་པའི་མ་ཡིག་དང་འབྲེལ་ཡོད་གཏན་འབེབས་ལའང་གྲོས་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]