您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༧ པའི་ཚེས ༦ ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའུ་ལ་ཕེབས་ནས་བརྙན་ལམ་བརྒྱུད་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གསན་བཤད་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་ལྷག་དོན་དུ་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་རྒྱུར་སླར་ཡང་ནན་གསུངས་དང་བཀོད་སྒྲིག་གནང་བ་རེད།།