ལྗོངས་ཏང་ཨུད་རྒྱུན་ཨུད་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།  སྤྱི་ཟླ ༨ པའི་ཚེས ༡༢ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དཔུང་ཁག་གིས་ཉིན་གཅིག་གི་དུས་ཚོད་བེད་སྤྱད་དེ།  ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་བལྟ་བསྡུར་གྱིས་ཧེ་བག་འཚོལ་བའི་ཆེད་དོན་ཚོགས་འདུ་འཚོགས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བཀོད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ནན་ཏན་བྱས་པ་དང་གནད་དོན་ལ་ལྟ་སྟངས་ཡག་པོ་འཛིན་ཏེ།  ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས།  སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་བཏང་ཐོག་ཆབ་སྲིད་དང་བསམ་བློ།  ཀུན་སྤྱོད་བཅས་ཀྱི་གོ་རྟོགས་མཐོ་རུ་ཏན་ཏིག་བཏང་ནས་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད། 
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་དང་།  ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཅུ་པའི་ཙུའུ་ཀྲང་གཞོན་པ་ཀྲང་སྦེའི་རུ་དང་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ཚན་ཁག་གི་ཁོངས་མི་བློ་་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན།  ནོར་བུ་དོན་གྲུབ།  བསྟན་ཁོ།  ཅང་ཇེ།  སྤེན་པ་བཀྲ་ཤིས།  ཧེ་ཝུན་ཧའོ། པད་མ་དབང་འདུས།  ལིའུ་ཅང་།  ཝང་དབུས་ཏུང་། གྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་དང་ཞུལ་ཡུང་གིས་ཡིག་ཐོག་གཏམ་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]