ཝུའུ་དབྱིང་ཇེས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ ཚེས ༡༤ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ལྷ་སར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ལྷན་དུ་ཕེབས་ཡོད།  རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་ལིའུ་ཅང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།  
ཝུའུ་དབྱིང་ཇེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་བོད་དུ་སྤེལ་བའི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་དང་།  ཝུའུ་དབྱིང་ཅེ་ནས་ཟླ་བ་གཉིས་རིང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྔ་རྗེས་སུ་ལྷ་ས་དང་གཞིས་རྩེ།  ནག་ཆུ།  མངའ་རིས་བཅས་ལ་ཆོས་ཕྱོགས་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་ལ་བརྟག་ཞིབ་གནང་བ་དང་།  ལྷག་པར་དུ་མངའ་རིས་དང་ནག་ཆུའི་ས་བབ་མཐོ་བའི་ས་ཁུལ་དུ་རྒྱུན་མཐུད་ངང་བྱེད་སྒོ་སྤེལ་ནས།  ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ཆོས་ལུགས་འཆད་འགྲེལ་གནང་བ།  སེར་སྐྱ་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་སྲུང་སྐྱོང་དང་།  བརྟན་ལྷིང་ལ་སྐུལ་འདེད།  ཞི་མཐུན་ལ་སྐུལ་འདེད།  སྐྱེ་ཁམས་སྲུང་སྐྱོང་བཅས་རྒྱ་ཁྱབ་ངང་བྱས་པར་ཕན་འབྲས་བཟང་པོ་ཐོན་ནས་ངོས་འཛིན་གཅིག་མཐུན་དང་སྲུང་སྐྱོང་རྒྱ་ཁྱབ་ཐོབ་ཡོད་ཅེས་གསུངས།། 
  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]