您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ ༨ པའི་ཚེས ༡༧ ནས ༡༩ ཉིན་བར། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཞིང་སྤྱི་ཞུལ་ཇིན་གྱིས་ཧོ་པེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་ཟབ་སྐྱོད་གནང་བ་དང་། ཁ་གཏད་རོགས་སྐྱོར་ལས་ཀར་ས་གནས་ས་ཐོག་ཏུ་བརྟག་ཞིབ་མཛུབ་ཁྲིད་གནང་བ་དང་བོད་སྐྱོར་ལས་བྱེད་ཤེས་ལྡན་པར་གཟིགས་པ་མ་ཟད། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་ཀར་གྲོས་བསྡུར་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ། ཏིང་གཡས་ཤན། ཀྲོང་ཡན་བཅས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་དང་ཡང་ན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།།