རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པས་མཚོ་བོད་བཟོ་ལས་གླིང་ཁུལ་དུ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡༨ དང་ ༡༩ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་མཚོ་བོད་བཟོ་ལས་གླིང་ཁུལ་དང་གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲུའུ།  གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲུའི་སློབ་འབྲིང་སོགས་སུ་བརྟག་ཞིབ་གནང་བ་དང་།  གོར་མོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་དོན་གཅོད་ཁྲུའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་པ།  ཚེ་འདས་ལས་བཟོ་པའི་ནང་མི་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམ་འདྲི་ཡང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]