དུས་ཐུང་ལོ་ངོ་བཅུ་ཕྲག་ནང་བོད་ལྗོངས་འདི་ཉིད་ལོ་ངོ་སྟོང་གི་འཕོ་འགྱུར་བྱུང་།

ཡོང་ཁུངས།          རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་འདི་ཉིད་དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་འཕོ་འགྱུར་བྱུང་ཡོད།  བོད་རྙིང་པར་རྒྱ་ཆེའི་ཞིང་བྲན་ཚོ་ལྟོས་གྲོད་པ་མི་རྒྱག་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པ་ནས།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་སླེབས་སྐབས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མི་དམངས་རྣམས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་འབྱོར་འབྲིང་གི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  ལས་བྱེད་མང་ཚོགས་བཅས་ཀྱིས་ལས་དོན་ཁག་ཧུར་ཐག་སྒྲུབ་ཏེ།  དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བྱས་ནས།  སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་སྲ་བརྟན་གྱི་རྨང་གཞི་བཏིང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]