ལྗོངས་ཏང་ཨུད་ཀྱིས་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་ཀའི་སྲོལ་ཡིག་སློབ་སྦྱོང་གཏིང་ཟབ་བྱས་ཡོད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  
རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན་སོགས་སློབ་སྦྱོང་ཚོགས་འདུར་ཕེབས་པ་མ་ཟད་རང་འཁྲིའི་ལས་དོན་དང་ཟུང་འབྲེལ་ངང་།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་ཀའི་སྲོལ་ཡིག་སློབ་སྦྱོང་བྱེད་རྒྱུའི་ཐད་སྤེལ་རེས་གཏམ་བཤད་གནང་བ་དང་།  ཚོགས་འདུར་ཕེབས་ཐུབ་མེད་པའི་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་རྣམ་པས་ཡིག་ཐོག་ནས་གཏམ་བཤད་དཔྱད་གཞི་ཕུལ་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]