ཝུའུ་དབྱིང་ཇེས་ནད་ཡམས་འགོག་ཟོན་གྱི་མི་དམངས་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༤ ཉིན་གྱི་སྔ་དྲོ།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་གིས་གཅིག་མཇུག་གཉིས་མཐུད་ངང་དཔྱིད་དུས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཇེ་ཡིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ།  དྲག་ཆས་ཉེན་རྟོག་དཔོན་དམག  སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ།  མི་རིགས་ཁག་གི་མང་ཚོགས་བཅས་དང་མཉམ་དུ་ལྷ་སའི་ཁྲོམ་གཞུང་ཁག་ཏུ་ཕེབས་ཏེ་ཐུན་མོང་ཐོག  གྲོང་ཁྱེར་གྱི་འཕྲོད་བསྟེན་བྱ་འགུལ་ནང་ཞུགས་ནས་ནད་དུག་གཙང་སེལ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་རིམས་ནད་འགོག་ཟོན་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱི་ཡོངས་ཀྱི་དམག་འཐབ།  འགོག་རྒོལ་གྱི་དམག་འཐབ་བཅས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཆེད་ཁོར་ཡུག་བཟང་པོ་བཏོད་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]