རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་སྤྱི་ཚེས ༢༣ ཉིན་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་བསྐོངས་ནས།  སྤྱི་ཟླ ༣ ཚེས ༡༨ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་།  ཕྱོགས་ཡོངས་ནས་རི་འཁྱར་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་རྒྱུ་བཀག་འགོག་དང་རི་འཁྱར་སྲོག་ཆགས་ཀྱི་ཤ་བཟའ་བའི་སྲོལ་ངན་མེད་པ་བཟོས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་།  བདེ་འཇགས་བཅས་འགན་སྲུང་བྱེད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ཞེས་པའི་ལག་བསྟར་བསམ་འཆར་དང་།  རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད།  མི་དམངས་ཀྱི་བློ་ཡིད་འཚིམ་པའི་གཞུང་ཞབས་པ་དང་མི་དམངས་ཀྱི་བློ་ཡིད་འཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ་དཔྱད་འདེམས་བྱེད་རྒྱུ།  རང་སྐྱོང་ལྗོངས་ཁོངས་སུ་གཏོགས་པའི་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་དང་བསྒྱུར་བཅོས་སོགས་ཀྱི་ལས་ཀར་ཞིབ་འཇུག་བྱས་པ་རེད།།  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]