您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༤ ཉིན་གྱི་ཐོ་རེངས་ཆུ་ཚོད ༤:༣༠ ཡི་ཐོག་ཟླ་བའི་ལྷ་མོ་ཨང་ལྔ་པའི་འཚོལ་ཞིབ་ཡོ་ཆས་ཀྲུང་གོ་ཝུན་ཁྲང་མཁའ་སྐྱོད་འཕེན་གཏོང་ཁུལ་ནས་འཕེན་གཏོང་ལེགས་སྒྲུབ་བྱུང་བ་དང་། རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་འཐུས་མི ༢༠ ལྷག་ཙམ་གྱིས་ཝུན་ཁྲང་འཕེན་གཏོང་རྟེན་གཞིར་ཡོང་ནས། རྒྱང་སྐྱོད་ཨང་ལྔ་པའི་རྒྱང་འདྲེན་མེ་ཤུགས་འཕུར་མདས་ཟླ་བའི་ལྷ་མོ་ཨང་ལྔ་པའི་འཚོལ་ཞིབ་ཡོ་ཆས་བདེ་བླག་ངང་འཕེན་གཏོང་བྱས་པའི་བརྒྱུད་རིམ་ཧྲིལ་པོར་མིག་མཐོང་ལག་ཟིན་བྱུང་ཡོད།།