您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ཚེས ༢༠ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས། འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་ཀྱི་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་གནང་བ་མ་ཟད། འཆར་འགོད་སྙན་ཞུ་དང་འཆར་ཟིན། སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ལ་ཞིབ་བཤེར་ཡང་གནང་བ་རེད།།