您没有安装FlashPlayer或版本太低, 请点击获得最新版本FlashPlayer
སྤྱི་ལོ ༢༠༢༠ ལོར་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ཆེ་བཅས་དོན་ཆེན་བཞིའི་ཐད་གྲུབ་འབྲས་བཟང་པོ་ཐོབ་ནས་ལོ་ལྔ་ཚན་བཅུ་གསུམ་པའི་ལས་དོན་ཁག་གི་མཇུག་ཡག་པོ་བསྡུ་ཐུབ་ཡོད་པ་དང་། ལོ་ལྔ་ཚན་བཅུ་བཞི་པའི་འཕེལ་རྒྱས་ཀྱི་རྒྱང་རིང་གསར་པ་གཏོད་འགོ་ཚུགས་ཡོད། རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་བོད་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཚོགས་ཆེན་ཐོག་ལོ་ལྔ་ཚན་བཅུ་གསུམ་པའི་རིང་དང་སྤྱི་ལོ ༢༠༢༠ ལོའི་གྲུབ་འབྲས་གླེང་ཡོད་པས། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་བསྔགས་བརྗོད་ཐོབ་པ་མ་ཟད། ཆེད་ལས་མཁས་པ་དང་མཁས་དབང་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཟུར་དཔྱད་ཀྱང་གནང་ཡོད། ཐེངས་འདིའི་ལེ་ཚན་ནང་། དོན་ཆེན་བཞིའི་ཁྲོད་ཀྱི་བརྟན་ལྷིང་སྐོར་ལ་གནང་བའི་ཆེད་ལས་མཁས་པ་དང་མཁས་དབང་ཚོའི་ཟུར་དཔྱད་སྐོར་ངོ་སྤྲོད་ཞུས་ཡོད།།