ཞི་ཅིན་ཕིང་གིས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་དག་གོང་འཕེལ་གྱི་ལེའུ་གསར་པ་གཏོད་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2021-07-24

བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་དུ་ཕེབས་ཏེ།  བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་སྦྲགས།  བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམ་འདྲི་གནང་ནས།  བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་ཏང་ཀྲུང་དབྱང་ནས་ཐུགས་ཁུར་ཟབ་བཞེས་གནང་ལུགས་མཚོན་པར་གནང་བ་རེད།  ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཀྱི་ངོས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ལོ་རྒྱུས་ཐོག་གི་ཐོག་མ་ཡིན་པས།  ཏང་ཀྲུང་དབྱང་ནས་བོད་ཀྱི་ལས་ཀར་རྒྱབ་སྐྱོར་དང་བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་གནང་བ་གང་ལེགས་མངོན་གྱི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]