བློ་བཟང་རྒྱལ་མཚན་ནས་མཚོ་བོད་ལྕཌ་ལམ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད་ཅེས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2016-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་བཅུ་འཁོར་བའི་མཚམས་འདིར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྤྱི་ཟླ ༧ པའི་ཚེས ༡ ཉིན་ལྷ་སར་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་།  འོད་ཟེར་ཉིན་རེའི་ཚགས་པར་ཁང་།  དཔལ་འབྱོར་ཉིན་རེའི་ཚགས་པར་ཁར་།  ཀྲུང་གོ་ཚགས་པར་ཁང་།  ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་བོད་དུ་བཅའ་སྡོད་ཀྲུང་དབྱང་སྙན་སྦྱོར་དང་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་ཚན་པ་གཙོ་བོའི་བཅར་འདྲི་དང་ལེན་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ཤིན་ཧྭ་གསར་འགྱུར་ཁང་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་བཅར་འདྲི་དང་ལེན་གནང་སྐབས་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་དོན་སྙིང་གལ་ཆེན་དང་འཁོར་རྒྱུགས་གནས་ཚུལ།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འཁྲིད།  དམངས་འཚོ་ལེགས་བཅོས་ལ་རྒྱབ་སྐྱོར།  ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད།  སྐྱེ་ཁམས་སྲུང་སྐྱོབ།  ལྕགས་ལམ་གོང་འཕེལ་གྱི་འཆར་གཞི།  ལྕགས་ལམ་འཛུགས་སྐྲུན་བྱ་ཐབས་སོགས་དང་ལྷོ་ཨེ་ཤི་ཡར་ཁ་ཕྱོགས་པའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ་སོགས་ཐད་ནས་རྒྱས་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་ནས་ལོ་བཅུའི་རིང་མཚོ་བོད་ལྕགས་ལམ་འདི་ཉིད་རིམ་བཞིན་བོད་ལྗོངས་ཀྱིས་མེས་རྒྱལ་ནང་སའི་ལྟེ་བའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པའི་ལམ་བུ་གལ་ཆེན་ཞིག་དང་ཕྱི་ཕྱོགས་ལ་སྒོ་དབྱེ་སྤེལ་རེས་ཀྱི་ལས་སྟེགས་ཆེན་པོ་ཞིག  ཡུལ་སྐོར་གོང་འཕེལ་ཤུགས་ཆེ་འགྲོ་བའི་བགྲོད་ལམ་ཆེ་མོ་ཞིག  དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བྱེད་པའི་འདེགས་སྐྱོར་ཆེན་པོ་ཞིག་བཅས་སུ་གྱུར་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཆེན་པོ་ཐེབས་ཡོད།  སྤྱི་ལོ ༢༠༡༥ ལོར་བོད་ལྗོངས་སུ་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༠༢༦.༤ ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཏེ་འཕར་ཚད་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་ལྡབ ༤ ཟིན་ཡོད་པ་དང་།  གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༨༢༤༤ ཟིན་པ་དེ་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་ལྡབ ༣ ཟིན་པ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༢.༥ ཟིན་པ་དེ་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་གི་ལྡབ ༣ ཟིན་པ་བཅས་བྱུང་ཡོད་པ་མ་ཟད།  མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཤུགས་ཆེ་བྱུང་ནས།  སྤྱི་ལོ ༢༠༡༥ ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༢༠༠༠ ལས་བརྒལ་བར་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༢༨༠ ཟིན་ཡོད་ཅེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་ནས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་བོད་ལྗོངས་ཀྱིས་ལྕགས་ལམ་གོང་འཕེལ་གཏོང་རྒྱུའི་ཐད་མ་ལམ་དྲ་བའི་སྤྱིའི་བསམ་ཕྱོགས་དང་གོང་འཕེལ་དམིགས་ཚད་ལ་གཞིགས་ཏེ།  ལྕགས་ལམ་དྲ་བ་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་ཕྱི་ཕྱོགས་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།  ལྕགས་ལམ་དྲ་བའི་རྨང་གཞི་གང་མགྱོགས་ཆགས་པ་བྱེད་པ་བཅས་བྱས་ཏེ།  རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཐད་ཀྱི་ལྕགས་ལམ་སྐྱེལ་འདྲེན་གྱི་དགོས་མཁོ་བསྐོང་ཐུབ་པ་བྱེད་རྒྱུ་རེད།  བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་ཐན་ད་ཆ་ཐོབ་དཀའ་བའི་གོང་འཕེལ་གྱི་གལ་ཆེའི་གོ་སྐབས་འཕྲད་ཡོད་པས།  བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་གྱི་བརྗིད་ཆེའི་དམིགས་ཚད་སྒྲུབ་པར་ང་ཚོས་འཆར་འགོད་བཟོ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་སྐྲུན་བཞིན་པའི་རྣམ་གྲངས་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ།  རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུ།  རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ།  མ་དངུལ་བསྡུ་རུབ་དང་འགྲོ་རྒྱུག་གི་སྒྲིག་གཞི་བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ།  ལྕགས་ལམ་འཛུགས་སྐྲུན་གྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་སོགས་ཀྱི་ལས་ཀར་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]