ཙེང་དབན་མིང་གིས་གཞིས་རྩེར་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་ལས་ཀར་བརྟག་ཞིབ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་གཞིས་རྩེར་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་ལས་ཀར་བརྟག་ཞིབ་གནང་སྐབས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རིམ་པ་སྟར་ཆགས་ཀྱིས་གནོན་ཤུགས་སྤྲོད་པ།  འགན་འཁྲི་ཏན་ཏིག་དཀྲི་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་གསར་བཏོད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས།  ཏང་གིས་བོད་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཙེང་དབན་མིང་ནས་བསམ་གྲུབ་རྩེ་ཆུས་གྲོང་བྱང་དོན་གཅོད་ཁྲུའི་བདེ་སྐྱིད་སྡེ་ཁུལ་དུ་དམངས་བདེ་ཞབས་ཞུའི་སྐར་ཁུང་དང་གཉིས་ལྡན་དུད་སྦྲེལ་ཚོམས་ཆེན།  དམངས་སྲོལ་བྱེད་སྒོ་ཁང་།  ཏང་ཡོན་བྱེད་སྒོ་ཁང་སོགས་ཀྱི་སྒྲིག་བཀོད་ལ་གཟིགས་ཞིབ་ནན་ཏན་གནང་བ་དང་ཁྲོམ་གཞུང་སྡེ་ཁུལ་ཏང་རྩ་འཛུགས་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་ཚུལ་དང་ཁྱད་ལྡན་སྡེ་ཁུལ་བཏོད་ཚུལ།  གཞི་རིམ་ཏང་འཛུགས་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས།  རིམ་ཁག་ཏང་རྩ་འཛུགས་ཀྱིས་ཁྲོམ་གཞུང་སྡེ་ཁུལ་ཏང་རྩ་འཛུགས་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཤུགས་སྣོན་རྒྱབ་ནས་ཁྲོམ་གཞུང་ཏང་རྩ་འཛུགས་ཀྱིས་འགན་འཁྲི་དང་ལས་སྒོ་གཙོ་བོར་དམིགས་པ་དང་སེམས་ནུས་གཅིག་སྒྲིལ་ངང་ཏང་འཛུགས་དང་བཅོས་སྐྱོང་།  ཞབས་ཞུ་བཅས་ལ་དམ་འཛིན་བྱས་ཐོག་གྲོང་ཁྱེར་དང་ཆུས།  ཁྲོམ་གཞུང་།  སྡེ་ཁུལ་བཅས་ཏང་རྩ་འཛུགས་ཀྱི་རིམ་བཞིའི་མཉམ་འགུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྡེ་ཁུལ་དང་ཚན་པ།  ལས་རིགས་བཅས་ཀྱི་ཏང་འཛུགས་མཉམ་འབྲེལ་མཉམ་འགུལ་ལ་སྐུལ་འདེད་བཏང་སྟེ།  སྤྱི་དང་བྱེ་བྲག་ཟུང་འབྲེལ་དང་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ནས།  རྩ་འཛུགས་ཀྱི་ལེགས་ཆ་དང་ཞབས་ཞུའི་ཐོན་ཁུངས་ཀྱི་ནུས་པ་ཆེ་ཤོས་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]