ཝུའུ་དབྱིང་ཇེ་ཡིས་ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་ཕེབས་ནས་འཚམ་འདྲི་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དགེ་རྒན་དུས་ཆེན་ཐེངས ༣༣ པ་འཆར་ཉེའི་མཚམས་དེར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་ཕེབས་ནས།  མི་རིགས་ཁག་གི་དགེ་རྒན་འཐུས་མིར་བྱམས་བརྩེའི་འཚམ་འདྲི་གནང་བ་མ་ཟད།  ཁོང་ཚོ་བརྒྱུད་བོད་ཀྱི་སློབ་གསོའི་བྱ་གཞག་ཐོག་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་བྱམས་བརྩེའི་འཚམ་འདྲི་ཞུས་གནང་བ་དང་སྦྲགས།  མི་སྣ་གསོ་སྐྱོང་བྱེད་པའི་འགན་ཁྲི་ཕྲག་ཐོག་ཏུ་འཁུར་ཏེ་གནས་གཅེས་ལས་ཞེན་བྱས་ནས་སློབ་ཁྲིད་ཡག་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  བསྒྱུར་བཅོས་གསར་གཏོད་བྱས་ནས་བྱང་ཚད་མཐོ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ།  སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་བྱེད་པ་བཅས་ཀྱི་སྒོ་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་བསྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱས་ནས་སློབ་གསོའི་བྱ་གཞག་གི་བསྒྱུར་བཅོས་དང་གོང་འཕེལ་གྲུབ་འབྲས་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་པད་མ་དབང་འདུས་དང་མོང་ཏི་སླིད་རྣམ་གཉིས་འཚམ་འདྲི་ཞུ་བར་ལྷན་དུ་ཕེབས་ཡོད། 
ཝུའུ་དབྱིང་ཇེས་ལྷ་ས་གྲོང་ཁྱེར་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པའི་བོད་ཡིག་དགེ་རྒན་བློ་བཟང་ནོར་བུ་དང་ལྷག་པ་མཚམས་གཅོད་གཉིས་དང་བྱམས་བརྩེའི་བཀའ་མོལ་གནང་སྟེ།  བོད་ཡིག་སློབ་ཁྲིད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད།  ཁོང་ཚོས་རིག་ཚན་སློབ་ཁྲིད་བསྒྱུར་བཅོས་གསར་གཏོད་བྱས་ཏེ་ཕྱོགས་གཅིག་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱས་ནས།  སློབ་མ་ཚོས་བོད་ཡིག་ཤེས་བྱ་ཁོང་དུ་ཡག་པོ་ཆུད་པ་དང་ཕྱོགས་གཞན་ཞིག་ནས་སློབ་མའི་རང་བྱུང་རིག་པ་དང་བཟོ་བསྐྲུན་རིག་པའི་དགའ་ཞེན་ཆེ་རུ་གཏོང་དགོས་པ་དང་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ།  མི་རིགས་ཁག་གི་སློབ་མས་ཆུང་དུས་ནས་ཏང་དང་མེས་རྒྱལ།  སྤྱི་ཚོགས་རིང་ལུགས།  བོད་ལྗོངས།  ཕ་ཡུལ།  མི་དམངས་བཅས་ལ་དགའ་ཞེན་བྱེད་དགོས་པའི་སློབ་གསོ་རྒྱག་རྒྱུའི་སྐུལ་ལྕག་གནང་བ་རེད།  

ཝུའུ་དབྱིང་ཇེས་ལེའོ་ཉིང་ཞིང་ཆེན་གྱི་ཁག་དང་པོའི་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་གྲས་ཀྱི་དགེ་རྒན་ལིའུ་ཧྲུའུ་གཡན་ལ་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ་དང་སྦྲགས།  བོད་སྐྱོར་དགེ་རྒན་ཚོས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་བརྒྱུད་ཁྲིད་རོགས་གསུམ་དང་།  གཅིག་གཏད་གཅིག་དང་གཅིག་གཏད་མང་པོ་བཅས་ཀྱི་བྱ་ཐབས་བརྒྱུད་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།  སློབ་ཁྲིད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ཐུགས་རེ་གནང་བ་དང་ཆབས་ཅིག  ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་ཁག་ནས་བོད་སྐྱོར་དགེ་རྒན་ལ་ཐུགས་ཁུར་བྱས་ཏེ་ལས་གཏོད་ཀྱི་མཐུན་རྐྱེན་གང་ཡག་སྦྱོར་དགོས་པའི་བླང་བྱ་བཏོན་གནང་བ་རེད། 
དེ་རྗེས།  ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་ཀྱི་དགེ་རྒན་འཐུས་མི་དང་གཟེངས་བསྟོད་ཐོབ་པའི་ཡོད་པ་བཞིའི་དགེ་རྒན་བཟང་པོ།  བོད་སྐྱོར་དགེ་རྒན་བཟང་ཤོས་བཅས་ལ་གཟིགས་ནས་འཚམ་འདྲི་གནང་བ་མ་ཟད།  ཁོང་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་བ་རེད།  ཝུའུ་དབྱིང་ཇེ་ཡིས་རྒྱ་ཆེའི་དགེ་རྒན་ཚོས་རང་རང་གི་ལས་གནས་ལ་གཞི་ཚུགས་ཏེ་རིག་གཞུང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།  སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ཀྱི་དགོས་མཁོ་དང་འཚམ་པའི་གསར་གཏོད་བཅས་ཀྱི་སྙིང་སྟོབས་དང་ལག་ལེན་ནུས་ལྡན་པའི་མི་རབས་གསར་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པ་དེ་ཡང་། 
གཅིག་ནས། སློབ་གསོའི་ལས་དོན་ཐད་ཀྱི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ།

གཉིས་ནས། སྤྱི་ཚོགས་རིང་ལུགས་སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནས་ཕུགས་བསམ་དད་སེམས་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ།  མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་བཞི་དང་སྨྲ་བ་གཉིས་ཀྱི་སློབ་གསོ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ།  མི་རིགས་མཐུན་སྒྲིལ་སློབ་གསོ་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ། 
གསུམ་ནས། དོན་དངོས་ལ་གཞི་ཚུགས་ཏེ་བོད་ལྗོངས་ཀྱི་སློབ་གསོ་ཡག་པོ་གཉེར་དགོས་པ་སྟེ།  བོད་ལྗོངས་གོང་འཕེལ་མགྱོགས་སུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོར་གཞིགས་ནས་བརྒྱ་ཆ་བརྒྱ་བྱས་པ་ལྔའི་སློབ་གསོའི་དམིགས་ཚད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  ལོ ༡༥ རིན་མེད་སློབ་གསོ་དང་འགན་ལེན་གསུམ་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཐོག  སློབ་ཆེན་གྱི་ཆེད་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ནས་སློབ་མའི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་ཆེད་ཤེས་བྱའི་རྨང་གཞི་བརྟན་པོ་འདིངས་དགོས་པ། 

བཞི་ནས། འགན་སེམས་ཆེན་པོ་དང་བརྩེ་བ་ཟབ་མོས་སློབ་མ་གསོ་སྐྱོང་བྱེད་དགོས་པ་སྟེ།  རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པས་སྔ་ཕྱི་བར་གསུམ་དུ་དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་དང་གཤིས་རྒྱུད་བཟང་པོ།  ཤེས་རྒྱ་ཆེ་བ་བཅས་ཀྱི་སྒོ་ནས་སློབ་མར་མིག་དཔེ་འདོན་དགོས་པ།

ལྔ་ནས། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་ཆགས་པ་བྱེད་དགོས་པ་སྟེ།  རིམ་ཁག་སློབ་གསོའི་ཚན་པས་དགེ་རྒན་གྱི་འཚར་ལོངས་དང་ཡར་རྒྱས་ལ་དོ་འཁུར་བྱེད་རྒྱུ་མ་ཟད།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཟང་ནུས་དར་སྤེལ་བཏང་ནས།  སྤྱི་ཚོགས་ཡོངས་སུ་སློབ་གསོར་མཐོང་ཆེན་བྱེད་པ་དང་སློབ་གསོར་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]