ཆེ་དགྲ་ལྷས་ལྷ་སར་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུའི་དམག་སྤྱི་ཞུལ་ཕིང་བཅས་པ་དང་བཞུགས་མོལ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུའི་དམག་སྤྱི་ཞུལ་ཕིང་བཅས་པ་དང་བཞུགས་མོལ་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཆི་མེད་རིག་འཛིན་བཞུགས་མོལ་ལ་ཞུགས་ཡོད།

ཆེ་དགྲ་ལྷས་དྲག་ཆས་ཉེན་རྟོག་ནགས་ཚལ་བཀོད་འདོམས་པུས་ཡུན་རིང་ནང་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  ཡུན་རིང་ནང་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་དང་རྒྱལ་ཁབ་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་བྱེད་རྒྱུ་ལྟེ་བའི་ལས་འགན་བྱས་ཏེ་དཀའ་སྡུག་ཁྱད་བསད་དང་།  རང་སྲོག་བློས་གཏོང་།  དཔའ་ངར་ཞུམ་མེད།  ལས་དོན་ཏན་ཏིག་བཅས་ཀྱི་ཐོག་ནས་རང་ལྗོངས་ནགས་ཚལ་གྱི་མེ་ཟོན་མེ་གསོད་དང་།  རི་འཁྱར་སྲོག་ཆགས་སྲུང་སྐྱོབ།  བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད།  ཉེན་ཁ་མྱུར་སེལ་དང་རོགས་སྐྱོབ་སོགས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཅའ་སྡོད་དཔུང་སྡེ་དང་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པས།  དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེས་སྔར་རྒྱུན་བཞིན་འགན་འཁྲི་ཁག་ཡག་པོ་སྒྲུབ་རྒྱུ་དང་།  ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་དམག་དམངས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ།  ཐུན་མོང་ཐོག་འཛམ་གླིང་གི་ས་གཙང་མཐའ་མར་སྲུང་སྐྱོང་ཡག་པོ་དང་མཛེས་སྡུག་ལྡན་པའི་མཚོ་བོད་ས་མཐོ་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞུལ་ཕིང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་ད་བར་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་དཔུང་སྡེའི་ལས་དོན་ཁག་ལ་ཐུགས་ཁུར་ཆེན་པོ་དང་མཐོང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེས་ས་གནས་ཏང་ཨུད་དང་སྲིད་གཞུང་ལ་མུ་མཐུད་གཞོགས་འདེགས་ཟབ་མོ་བྱས་ཏེ།  བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་བས་དམ་པོར་དམིགས་པ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཐོག  རྒྱུན་ཆད་མེད་པར་དཔུང་སྡེའི་དམག་འཐབ་ནུས་པ་ཆེ་རུ་བཏང་ནས།  སྔོན་འགོག་བྱེད་རྒྱུ་ཨང་དང་པོར་བཞག་སྟེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་དེ་བས་ཡག་པོ་འཁུར་ནས་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]