ཆེ་དགྲ་ལྷས་ལྷ་སའི་གཞི་རིམ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༡༠ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་ཟབ་སྐྱོད་གནང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།  ཁོང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་ནན་ཏན་བྱེད་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་བཀོད་སྒྲིག་གཞིར་བཟུང་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུ་དེ་ཏན་ཏིག་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རང་ལྗོངས་སུ་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷ་ནས་གཞི་རིམ་ཏང་ཡོན་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་གི་མྱོང་ཚོར་གླེང་གནང་བ་མ་ཟད།  ཏང་ཡོན་མང་ཚོགས་ཀྱི་འཐུས་མིར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སློབ་སྦྱོང་དཔྱད་གཞི་སྤྲད་གནང་བ་དང་སྦྲགས།  ཏང་ལ་དྲིན་གསོའི་བསམ་པ་ཆངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིར་ལྷག་བསམ་རྣམ་དག་བྱེད་པ།  ཏང་ལ་དགའ་ཞེན་ཚད་མེད་བྱེད་པ་བཅས་ཀྱི་སྒོ་ནས་ལས་ཀའི་ལག་ལེན་ལ་དམིགས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐོང་རྒྱུ་དེ་འབད་འཐབ་བྱེད་ས་དང་དམིགས་སར་བརྩི་བ་དང་།  ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར།  རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་བཅས་དང་ཟུང་འབྲེལ་བྱས་ནས།  ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་ཏེ་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་།  མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ཐོག་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་རྒྱུར་སྐུལ་འདེད་བཏང་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་དགོས་པའི་ནན་བཤད་གནང་བ་རེད།  ཆེ་དགྲ་ལྷ་ནས་སྒྲོག་སྒྲེལ་གནང་རིང་ད་དུང་པད་ནག་གྲོང་ཚོས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་ཚུལ་ཐད་བརྟག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]