བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༨ ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་ཤིང་།  ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་ལག་བསྟར་གྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའུ་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར།  དོན་འཁྱོལ་བཅས་བྱ་རྒྱུ་དེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བྱེད་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་འབརེལ་བའི་ཞི་ཅིན་ཕིང་གི་དགོངས་པའི་གཙོ་རྐང་ལ་དམ་པོར་དམིགས་པ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།  ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་སློབ་གསོའི་ལས་དོན་ལ་སྤྱི་འདོམས་བཅས་བྱས་ཏེ།  བོད་ཀྱི་མི་དམངས་བློ་ཡིད་ཚིམ་པའི་དུས་རབས་གསར་པའི་སློབ་གསོ་ཧུར་ཐག་གཉེར་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]