རང་ལྗོངས་སུ་ལྗོངས་ཏང་ཨུད་སྐབས༩པའི་ཚང་འཛོམས་ཚོཌ་འདུ་ཐེངས༣པའི་གོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༦ དང་ ༧ ཉིན་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་པ་དང་།  ཚོགས་འདུ་འཚོགས་རྗེས་ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་ལ་ཚང་འཛོམས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་རེད།  ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ནས་ལས་གནས་ཐོག་གཞི་ཚུགས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་ལག་ལེན་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པའི་རྒྱང་སྐྱོད་གསར་པའི་ནང་ཞུགས་ནས།  དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད།

ཉེ་དུས།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་ཚོགས་འདུ་སྐོང་འཚོགས་བྱས་ཏེ།  ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ཁོངས་གཏོགས་ཀྱིས་དོ་ནན་ཤོས་ཀྱི་དཔྱད་ཞིབ་དཔྱད་དཔོག་ལམ་ལུགས་ལག་བསྟར་བྱས་ནས་བདེན་པ་བདེན་ཐུབ་དང་།  སྤྱི་ཚོགས་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་བྱེད་རྒྱུ་དེ་གཞི་རྩའི་བླང་བྱར་བརྩིས་ཏེ།  དབུལ་ཕོངས་རྫོང་དབུལ་གྲོལ་ཏན་ཏིག་ཐུབ་པ་བྱེད་དགོས་པ་དང་།  ཕུགས་བསམ་བརྟན་པོས་མང་ཚོགས་སེམས་ལ་འཆང་བ་དང་འགན་ཆེན་པོ་འཁུར་བའི་ཐོག་ནས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་སྟེ།  ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས་ནན་བཤད་བྱས་པ་རེད།

གཞིས་རྩེ་གྲོང་ཨུད་སྐབས་དང་པོའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་བརྒྱད་པའི་ཐོག  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ཁོང་དུ་ཆུད་པ་དང་།  གསལ་རྟོགས་ཐུབ་པ།  ལག་ལེན་ཏན་ཏིག་བཅས་བྱེད་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོར་རྩིས་ནས་གཞིས་རྩེའི་འཐབ་ཇུས་ངེས་གནས་དང་།  དམིགས་བསལ་ལེགས་ཆ།  འབུར་དུ་ཐོན་པའི་ཞན་ཆ་བཅས་དང་ཟུང་འབྲེལ་བྱས་ནས།  འགོ་འཛུགས་ས་གནད་འཕིགས་འཚོལ་བ་དང་ཤུགས་རྒྱག་ས་དམ་པོར་འཛིན་ནས་ཚོགས་འདུའི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།

ཉེ་དུས།  རང་ལྗོངས་ཀྱི་ཏང་ཕྱིའི་འཐུས་མིས་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་།  ཚང་མས།  རང་རྟོགས་ངང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་པའི་ནང་ཞུགས་ཏེ་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད།

ཉེ་དུས།  ཉིང་ཁྲི་གྲོང་ཨུད་སྐབས་དང་པོས་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་དང་།  ཚོགས་འདུའི་ཐོག  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེང་སྐབས་ཀྱི་ལས་ཀའི་ནང་གནས་པའི་གནད་དོན་དང་མི་འདེང་བའི་ཆ་ཁ་ཅིག་ལ་མཐོང་ཆེན་པོ་བྱས་ཏེ།  དད་སེམས་བརྟན་པོ་དང་གསར་འབྱེད་གསར་གཏོད་བྱས་ནས་བྱ་ཐབས་ནུས་ལྡན་བཟུང་བ་དང་རང་འགུལ་དོན་གཉེར་བྱས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་ཁྲིད་སྟོན་བྱས་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད།  ཉིང་ཁྲིའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་ཉིང་ཁྲིའི་ལེའུ་མུ་མཐུད་རྩོམ་དགོས་པའི་བླང་བྱ་བཏོན་པ་རེད།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་ཡའོ་ཡོའུ་པིང་ནས་གསར་འགོད་པར།  ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པར་ཁྲིམས་འཛིན་སྲིད་འཛིན་གྱི་འགན་ནུས་་བཏོན་ནས།  ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་རྒྱུན་ཆད་མེད་པར་བོད་ཀྱི་ཁྲིམས་སྐྱོང་སྲིད་འཛིན་ལས་ཀའི་རྣམ་པ་གསར་པ་གཏོད་དེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་སྒྲུབ་པ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་ཆེད་སྟོབས་ཤུགས་གསར་པ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]