གངས་ལྗོངས་ས་མཐོའི་གང་སར་ཚོཌ་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲཌ་བྱེད་པའི་ཚ་རླབས་འཕྱུར་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར་རང་ལྗོངས་ས་ཁུལ་ཁག་དང་ཚན་པ་ཁག་གིས་བྱ་ཐབས་སྣ་ཚོགས་བརྒྱུད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་།  ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་།  ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱུང་བའི་བརྗིད་ཆེའི་དམིགས་ཚད་ལས་འགན་དང་དམ་པོར་བསྟུན་ཏེ།  སྙིང་སྟོབས་རང་འཕེལ་དང་སྤྱོད་ཚུལ་ཏན་ཏིག  ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་ཏེ།  བོད་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།  
ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་གཏིང་ཟབ་བྱས་ནས།  མིང་གྲགས་ཅན་གྱི་དྲ་རྒྱས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ལས་དོན་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱ་ཆེད།  སྤྱི་ཚེས ༡༠ ཉིན།  ལྗོངས་ཏང་ཨུད་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་ལྷ་སར་སྤྱི་ལོ ༢༠༡༧ ལོའི་མིང་གྲགས་ཅན་གྱི་དྲ་རྒྱས་བཟང་ནུས་བརྒྱུད་སྤེལ་བྱེད་པའི་ཚོགས་འདུ་འཚོགས་ནས།  ལྗོངས་ཡོངས་ཀྱི་གྲགས་ཅན་དྲ་རྒྱ ༥༠ ལྷག་ཙམ་གྱིས་ཇི་ལྟར་བྱས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་པའི་དྲ་རྒྱའི་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ཡག་པོ་སྤེལ་རྒྱུའི་ཐད་མྱོང་ཚོར་སྤེལ་རེས་བྱས་པ་དང་།  རང་ལྗོངས་ཀྱི་རྒྱ་ཆེའི་དྲ་ཞུགས་པ་དང་ལྷག་པར་དུ་ན་གཞོན་དྲ་ཞུགས་པས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལོན་རྒྱུར་ཁྲིད་སྟོན་བྱས་པ་རེད།  
ཉེ་དུས།  རང་སྐྱོང་ལྗོངས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ཏེ་སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ།  དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཐད་འབད་བརྩོན་བྱས་ནས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཀྲིས་པའི་འགན་འཁྲི་དེ་བས་ཡག་པ་ཁུར་དགོས་པའི་བླང་བྱ་བཏོན་ཡོད།  
ཉིན་ཤས་བསྟུད་མར་གཏིང་སྐྱེད་རྫོང་འདྲེན་ཐང་གྲོང་རྡལ་ནགས་ཐང་གྲོང་ཚོའི་རྒྱ་ཆེའི་ཏང་ཡོན་གྱིས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  མཐའ་བརྟན་དམངས་བདེ་དང་མཐའ་དར་དམངས་ཕྱུག་གི་བླང་བྱར་གཞིགས་ཏེ་མཐའ་མཚམས་ཡག་པོ་སྲུང་ནས།  བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།  
བོད་དམག་ཁུལ་ཁང་གིས་ཁྱབ་རྒྱ་ཆེ་བ་དང་གནས་ཚུལ་ཆ་རྒྱུས་ཟབ་པ།  མང་ཚོགས་དང་འབྲེལ་འདྲིས་བྱེད་བདེ་བ་བཅས་ཡུལ་དམག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  ཡུལ་དམག་ཁྲི་ཁ་ལོན་པར་རིག་གཞུང་སྦྱོང་བརྡར་སྤྲད་ནས་ཡུལ་དམག་སྒྲོག་འགྲེལ་ཚོགས་ཆུང་ཉིས་བརྒྱ་ལྷག་སྒྲིག་འཛུགས་བྱས་ཏེ།  ཁུལ་དབྱེ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།  
ཉེ་དུས།  ལྷ་སར་བཅའ་སྡོད་ནག་ཆུ་ས་ཁུལ་གྱི་རྒན་ཡོལ་དང་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པའི་ཞབས་ཞུ་དོ་དམ་ས་ཚིགས་སྤྱི་ཁྱབ་ཏང་ཀྲེ་པུས།  རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ། དགེ་རྒན་ཆེ་མོ་ཧྥང་གཡུས་གོ་གདན་ཞུས་བྱས་ནས་ཁོངས་གཏོགས་ཏང་ཀྲེ་པུའུ ༡༧ གྱི་རྒན་ཡོལ་དང་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ ༡༡༠ ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་པའི་ཆེད་དོན་འཆད་ཁྲིད་བྱས་པ་རེད།  
ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་མ་རྩོམ་བལྟ་བ་དང་མ་ཡིག་སྦྱོང་བ།  མ་དོན་རྟོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་ནས།  རྫོང་༼ཆུས༽ཁག་དང་ལས་ཁུངས་ཁག་གིས་མ་རྩོམ་བལྟ་བ་དང་མ་ཡིག་སྦྱོང་བ།  མ་དོན་རྟོགས་པ་བཅས་ཀྱི་ལས་དོན་ཁག་ནན་ཏན་ངང་སྤེལ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་།  ལྷག་པར་དུ་ཞི་ཅིན་ཕིང་ནས་སྙན་སྒྲོན་ནང་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློ་གོང་མཐོར་གཏོང་བ་དང་།  ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  
ཉིན་ཤས་བསྟུད་མར་དྲག་ཆ་ཉེན་རྟོག་ཆབ་མདོ་གྲོང་ཁྱེར་ཡན་ལག་རུ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་སྐབས།  རིག་གཞུང་སློབ་སྦྱོང་བྱེད་རྒྱུར་སྣང་ཆེན་བྱས་པ་མ་ཟད་བློ་འབྱེད་རྣམ་པའི་སློབ་གསོ་གཏོང་ཐབས་ལ་སྣང་ཆེན་བྱས་ཏེ།  རྒྱ་ཆེའི་དཔོན་དམག་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་གཙོ་དོན་དང་སྙིང་དོན།  སྙིང་བཅུད།  དེ་བཞིན་དགོངས་པ་གསར་པ་དང་ལྟ་བ་གསར་པ།  ཆོད་སྡོམ་གསར་པ་བཅས་རམ་དང་རིམ་པར་གོ་བ་གཏིང་ཟབ་ལོན་རྒྱུར་ཁྲིད་སྟོན་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]