ཀྲོང་ཡན་གྱིས་གཞིས་རྩེའི་གཞི་རིམ་མང་ཚོཌ་ལ་ཏང་གི་ཚོཌ་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་ཀྱི་གཅིག་འགྱུར་བཀོད་སྒྲིག་གཞིར་བཟུང་།  ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གི་ཁེ་ལས་དང་།  ཤང་གྲོང་ཚོ།  དགོན་སྡེ་བཅས་སུ་ཕེབས་ནས་གཞི་རིམ་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་དཔྱད་གཞི་ཡང་སྤྲད་གནང་བ་དང་།  གཞི་རིམ་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་གནང་བའི་མྱོང་ཚོར་མཉམ་སྤྱོད་གནང་བ་རེད།

ཀྲོང་ཡན་ནས་རྟ་རྭ་འོག་ནས་ཆང་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་རྣམས་དང་སློབ་སྦྱོང་གི་མྱོང་ཚོར་དང་མ་འོངས་པའི་སྐོར་གླེང་གནང་བ་རེད།  དེ་རྗེས་ཀྲོང་ཡན་རིན་སྤུངས་ཤང་རི་ལུང་ཕུ་གྲོང་ཚོར་ཕེབས་ནས་དེ་གར་ཕེབས་སྒུག་ཞུས་ཏེ་བསྡད་པའི་གཞི་རིམ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ཚོ་དང་མཉམ་འཛོམས་གནང་སྟེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།  ལག་བསྟར་བཅས་བྱས་པའི་མྱོང་ཚོར་ལྷུག་གླེང་གནང་བ་དང་།  གོ་བདེ་བའི་བཀའ་མོལ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་ཐོག་ནས་སྒྲོག་འགྲེལ་གནང་བར་མང་ཚོགས་ཀྱི་དགའ་བསུ་ཡང་ཡང་ཐོབ་ཡོད།

དེ་རྗེས་ཀྲོང་ཡན་བྱམས་ཆེན་དགོན་པར་ཕེབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་དཔྱད་གཞི་དགེ་འདུན་པ་ཚོར་སྤྲད་ནས།  རྒྱ་ཆེའི་གྲྭ་བཙུན་ཚོས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱས་ཏེ་རྒྱལ་གཅེས་ཁྲིམས་སྲུང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་།  ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཐོག  བསྟན་དོན་ནང་ནས་སྤྱི་ཚོགས་ཡར་རྒྱས་དང་དུས་རབས་གསར་པའི་བླང་བྱ་དང་འཚམས་པའི་ནང་དོན་སྔོག་སྤེལ་དང་གསལ་འགྲེལ་ཧུར་ཐག་བྱས་ཏེ།  དད་ལྡན་མང་ཚོགས་ཀྱིས་སེམས་ནུས་དེ་བས་མང་བ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་བཅོས་བྱེད་པའི་ཐོག་བཞག་ཐུབ་པ་བྱས་ནས།  ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]