ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་སྤྱི་ཝང་ཉིང་བཅས་པ་དང་བཞུཌ་མོལ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམག་སྤྱི་ཝང་ཉིང་བཅས་པ་དང་ལྷ་སར་བཞུགས་མོལ་གནང་བ་རེད།

ཝུའུ་དབྱིང་ཇེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཝང་ཉིང་དང་བཅས་པ་བོད་དུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་།  དྲག་ཆས་ཉེན་རྟོག་དཔུང་སྡེས་ཡུན་རིང་ནང་བོད་ཀྱི་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཝུ་དབྱིང་ཇེ་ནས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་དང་བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་བླང་བྱ་ལྟར་དཔུང་སྡེ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་།  བླ་ན་མེད་པའི་འགན་འཁྲི་ཟོལ་མེད་ངང་བསྒྲུབས་ཏེ་ཚོགས་ཆེན་བཅུ་དགུ་པ་འཚོག་རིང་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་སོགས་ཁ་ཚ་དགོས་གཏུགས་དང་དཀའ་གནད་དང་ཉེན་ཁ་ཆེ་བའི་ལས་འགན་ཐ་དག་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་།  ཡུན་རིང་བརྟན་ལྷིང་།  ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།  དྲག་ཆས་ཉེན་རྟོག་དཔུང་སྡེས་སྔར་རྒྱུན་བཞིན་བོད་ཀྱི་ལས་ཀར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་ཟོལ་མེད་རེ་བ་ཡོད་ལ།  ང་ཚོས་ཀྱང་དཔུང་སྡེ་འཛུགས་སྐྲུན་ཆེད་དུ་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་དང་འགན་སྲུང་ཡག་པོ་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཇེ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་བཅས་བྱེད་རྒྱུར་མཐོང་ཆེན་པོ་བྱས་ཏེ་བསྟུད་མར་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད།  གོམ་སྟབས་རྗེས་མར་ང་ཚོས་དགོངས་དོན་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པ་དང་།  གསལ་རྟོགས་ཐུབ་པ།  ལག་ལེན་ཏན་ཏིག་བསྟར་བ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་འབྲེལ་བའི་ཞི་ཅིན་ཕིང་གི་དགོངས་པས་བསམ་བློར་གོ་རྟོགས་མཐོ་རུ་གཏོང་བ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ནམ་ཡང་འབད་འཐབ་བྱས་ཏེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝང་ཉིང་ནས་དྲག་ཆས་ཉེན་རྟོག་དཔུང་སྡེས་ཐོག་མཐའ་བར་གསུམ་དུ་མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས།  བརྟན་ལྷིང་དང་འབྲེལ་བའི་གནད་དོན་རིགས་རྙོག་འཛིང་ཆེ་ཙམ་ལ་ངོས་འཛིན་བྱེད་པ་དང་།  གྲ་སྒྲིག་ལས་དོན་སྔར་བས་ཚགས་ཚུད་པོ་བྱེད་པ།  སྟོབས་ཤུགས་འཛུགས་སྐྱོང་ལ་དམ་འཛིན་སྔར་བས་མཐར་ཕྱིན་བྱེད་པ་བཅས་བྱས་ཏེ།  བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་ཀ་རྟེན་ལྟ་བུ་དང་འཕྲལ་སྒྲུབ་རུ་ཁག་ཡག་པོ་ཞིག་བྱས་ནས།  བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ཆེད་སླར་ཡང་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]