སྲིད་གྲོས་སྐབས་བཅུ་པའི་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོཌ་འདུ་ཐེངས༢༦པ་འཚོཌ་རྒྱུའི་གཏན་འབེབས་སྐོར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོའི་ཟླ་བ་དང་པོའི་ཚེས ༩ ཉིན་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་ཐེངས ༥༦ པ་ཚོགས་པ་དང་།  ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་ཀྲུང་གོ་མི་དམངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༢༦ པ་འཚོགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་ཡོད།

གྲོས་འཆམ་བྱུང་བའི་གཏན་འབེབས་ལ་གཞིགས་ན།  སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༢༦ པ་སྤྱི་ལོ ༢༠༡༨ ལོའི་ཟླ་བ་དང་པོའི་ཟླ་དཀྱིལ་དུ་ལྷ་སར་འཚོགས་རྒྱུ་དང་དུས་ཡུན་ཉིན་གཅིག་ཡིན་པ་གཏན་འབེབས་བྱས་ཡོད་ལ།  གྲོས་འགོ་བཏོན་པའི་ཚོགས་འདུའི་གྲོས་རིམ་ཡང་ཁག་དགུ་ཡོད།

༡༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་ཞིབ་ཐོག་གྲོས་འཆམ་བྱེད་རྒྱུ་དང་།

༢༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཐེ་ཞུགས་ལས་ཁུངས་དང་ཨུ་ཡོན་གྱི་མི་གྲངས།  འོས་མི་དང་རིགས་གྲས་བཅས་བཀོད་སྒྲིག་ཐད་གྲོས་མོལ་བྱས་ནས་གཏན་འཁེལ་བྱེད་རྒྱུ།

༣༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱེད་རྒྱུར་ཕུལ་བའི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་ཐོག་གྲོས་འཆམ་བྱེད་རྒྱུ།

༤༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་ཐོག་གྲོས་འཆམ་བྱེད་རྒྱུ།

༥༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་དང་ཉིན་རེའི་གྲོས་རིམ་གྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་རྒྱུ།

༦༽སྒྲུབ་རྒྱུར་ལུས་པའི་བྱ་བ་ཀྲུའུ་ཞིའི་ཚོགས་འདུར་ཐག་གཅོད་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་གཏན་འབེབས་ལ་གྲོས་ཞིབ་ཐོག་གྲོས་འཆམ་བྱེད་རྒྱུ།

༧༽ ལྗོངས་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ལས་དོན་ཕྱོགས་བསྡོམས་ལ་ཡིག་ཐོག་ནས་གྲོས་ཞིབ་བྱེད་རྒྱུ།

༨༽ སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཟུར་ཞུགས་མི་སྣའི་མིང་ཐོར་གྲོས་ཞིབ་ཐོག་གྲོས་འཆམ་བྱེད་རྒྱུ།

༩༽ དེ་མིན་བྱ་བ་བཅས་ཡིན།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]