ནམ་ཡང་ལམ་དུ་ཡོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་དང་པོའི་ཚེས ༡༡ ཉིན་གྱི་སྔ་དྲོ་།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པ་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིན་ཇེ་ཡིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས།  གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གནང་བའི་བླང་བྱ་ལྟར་འདུ་ཤེས་བཞི་བརྟན་པོ་བཙུགས་ནས་སྲོག་ཤིང་ལ་གོང་བཀུར་དང་།  ལྷག་བསམ་རྣམ་དག  ཡིད་ཆེས།  སྲུང་སྐྱོང་བཅས་མཐའ་གཅིག་ཏུ་བྱེད་པ་དང་།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།  བསམ་བློ་དང་ཆབ་སྲིད།  བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བ་བཅས་བྱས་ཏེ།  རྣམ་པ་གསར་རྐྱང་དང་ནམ་ཡང་ལམ་དུ་ཡོད་པའི་སྙིང་སྟོབས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་སྤེལ་དགོས་པའི་ནན་བཤད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་བཟང་རྒྱལ་མཚན་དང་།  ཆེ་དགྲ་ལྷ།  ཀྲོང་ཡན།  ནོར་བུ་དོན་འགྲུབ།  བསྟན་ཁོ།  ཙེང་དབན་མིན།  ཅང་ཇེ།  སྤེན་པ་བཀྲ་ཤིས།  ཧུའུ་ཝན་ཧའོ།  པད་མ་དབང་འདུས་སོགས་ཚོགས་འདུར་ཕེབས་ཡོད།

ཝུའུ་དབྱིང་ཇེ་ནས།  ཚོགས་འདུའི་དགོངས་དོན་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཏང་གིས་ཏང་དོ་དམ་དང་ཏང་ནན་པོས་སྐྱོང་བའི་མཐོ་ཚད་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་མཐའ་མའི་རྒྱལ་ཁ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་མཐོ་ཚད།  ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་མཐོ་ཚད་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་རྒྱས་བཤད་གཏིང་ཟབ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་།  རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་ཞིབ་ཕྲ།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བཅས་གནང་ནས།  དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ཡག་པོ་སྤེལ་རྒྱུའི་ཐད་བཀོད་སྒྲིག་ཚགས་ཚུད་པོ་དང་བླང་བྱ་ཁ་གསལ་བཏོན་གནང་བ་དང་།  ང་ཚོས་ཏང་གིས་ཏང་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུར་སྔར་བས་སྐུལ་སྤེལ་གཏོང་རྒྱུའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་བསྲུང་བྱ་མཁོ་འདོན་གནང་ཡོད་པས།  ང་ཚོས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་བྱས་ནས་སློབ་སྦྱོང་བྱེད་པ་དང་གོ་བ་ལེན་དགོས་པ་དང་།  ལག་བསྟར་དོན་འཁྱོལ་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ཏན་ཏིག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

ཝུའུ་དབྱིང་ཇེ་ནས།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་འཛིན་གཏན་འབེབས་ལ་ནན་པོ་གཞིགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས།  ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།  ཆབ་སྲིད་ཀྱི་ཁ་ཕྱོགས།  ཆབ་སྲིད་ཀྱི་རྩ་དོན།  ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས་པ་དང་།  འགག་རྩའི་ཉུང་ཤས་དམ་འཛིན་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དད་སེམས་བརྟན་པ་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ།  འགན་འཁྲི་འཁུར་ནུས་པ།  འཇོན་ཐང་ཆེ་བ།  སྤྱོད་ཚུལ་བཟང་བ་བཅས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མིག་དཔེ་བཟང་པོ་སྟོན་དགོས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  བློ་བརྟན་འགྱུར་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་རྒྱུ་དང་།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་སྐུལ་འདེད་གཏོང་བ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ།  མི་རིགས་ཁག་གི་འགྲོ་འོང་དང་།  སྤེལ་རེས།  འབྲེལ་འདྲིས་བཅས་ལ་སྐུལ་འདེད་གཏོང་བ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་འགན་སྲུང་དང་།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་གཏོང་རྒྱུ་འགན་སྲུང་།  མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་འགན་སྲུང་།  མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་གཏོང་རྒྱུ་འགན་སྲུང་།  སྐྱེ་ཁམས་ཁོར་ཡུག་ལེགས་པོ་འགན་སྲུང་བཅས་བྱེད་དགོས་པ།  སྤུས་ཚད་མཐོ་བའི་གོང་འཕེལ་དང་འབྱུང་འཕྲོད་ཀྱི་གོང་འཕེལ་ལ་དམིགས་པ་དང་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་དམ་པོར་བསྟུན་ནས།  ཀྲུང་དབྱང་གི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་གཏོང་བ་དང་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ།  ཡུལ་སྐོར་རིག་གནས་སོགས་ཁྱད་ལྡན་ཁྱད་འཕགས་ཐོན་ལས་གོང་འཕེལ་ཏན་ཏིག་བཏང་ནས།  བོད་ཀྱི་དཔལ་འབྱོར་སྤུས་འབོར་གཉིས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།  རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་རྩ་དོན་ཐོག་ནས་ལས་དོན་སྒྲུབ་པ་དང་།  དོན་རྐྱེན་ཆེ་རིགས་ཐོན་རྒྱུ་སྔོན་འགོག་ལས་ཀ་གྲ་སྒྲིག་བྱེད་པ་དང་།  འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་གྱི་ཚད་གཞིའི་ཐོག་ནས་ལས་བྱེད་པར་དཔྱད་ཞིབ་བཅས་བྱེད་དགོས་པ།  བརྟན་པོ་འཛུགས་དགོས་པ་གསུམ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས།  བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་འཇིགས་བཀུར་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ།  རང་རྟོགས་ངང་སྤྱོད་ཚུལ་བཞི་བཀག་འགོག་གིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས།  ལས་བྱེད་པ་གཞུང་དྲང་དང་།  སྲིད་གཞུང་སྤྱོད་གཙང་།  ཆབ་སྲིད་དྭངས་གཙང་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།  རྒྱུན་བསྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ།  རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་དྲག་པོའི་རྣམ་པ་སྲ་བརྟན་དུ་བཏང་ནས་གྲོང་ཁྱེར་དང་རྫོང་གི་ཏང་ཨུད་ཀྱི་སྐོར་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་ཆ་བེད་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ།  རུལ་སུངས་བྱེད་མི་ཕོད་པའི་ཞེད་སྣང་མཐོ་རུ་གཏོང་བ་དང་རུལ་སུངས་བྱེད་མི་ཕོད་པའི་ལམ་ལུགས་ནན་དུ་གཏོང་བ།  རུལ་སུངས་བྱེད་མི་ཕོད་པའི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  གངས་ལྗོངས་ས་མཐོའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་གཏོད་དགོས་པ།  རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཏང་ལ་ལྷག་བསམ་ཟོལ་མེད་དང་ཏང་ཐུགས་བློ་བདེ་བ།  མི་དམངས་བློ་ཡིད་འཚིམ་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]