ཆེ་དགྲ་ལྷས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོཌ་ཆུང་གི་ལྡོག་འདྲེན་བསམ་འཆར་དོན་འཁྱོལ་ལས་དོན་ལ་ལྟ་སྐུལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གཉིས་པའི་ཚེས ༧ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་གི་ལྡོག་འདྲེན་བསམ་འཆར་གྱི་བཅོས་སྒྲིག་དོན་འཁྱོལ་ལས་དོན་ལ་ལྟ་སྐུལ་གཉེར་སྒྲུབ་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ལྷན་དུ་ཕེབས་པ་རེད།   
ད་ལོའི་ལོ་འགོར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་དྲུག་པས་རང་ལྗོངས་ལ་ལྟ་ཞིབ་བསམ་འཆར་ལྡོག་འདྲེན་གནང་ནས།  མལ་གྲོ་གུང་དཀར་རྫོང་རྒྱ་མ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་མཐོང་ཆེན་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚོགས་ཆུང་གི་སྤྱིའི་བླང་བྱར་གཞིགས་ནས་མགྱོགས་མྱུར་བཀོད་སྒྲིག་བྱས་པ་དང་གནད་དོན་བཅོས་སྒྲིག་ལ་སྐུལ་སྤེལ་ནུས་ལྡན་བཏང་ཡོད།  རིམ་ཁག་ཚན་པ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་གནད་དོན་ལ་དམིགས་ནས་དོན་འཁྱོལ་ནན་ཏན་བྱས་ཏེ་བཅོས་སྒྲིག་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་ཡོད།   
རྟོག་ཞིབ་གནང་སྐབས་ཆེ་དགྲ་ལྷས་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་བཅོས་སྒྲིག་དང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གནས་ཚུལ་ལ་ཞིབ་བཤེར་གནང་བ་མ་ཟད།  ཞིབ་ཕྲའི་གནད་དོན་ཐད་མཛུབ་ཁྲིད་བསམ་འཆར་བཏོན་གནང་བ་དང་།  གང་མགྱོགས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་སྦྲགས་འགན་འཁུར་ཕོད་པ་དང་འགན་འཁུར་ཐུབ་པའི་སྒོ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  རིམ་པ་བཞིན་ལྡོག་འདྲེན་གནད་དོན་ལ་དམིགས་ནས་བཅོས་སྒྲིག་གི་གསལ་ཐོ་འགོད་པ།  རྩ་འཛུགས་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ།  རང་ཉིད་ལ་གནོན་ཤུགས་སྤྲོད་པ་བཅས་ཀྱི་སྒོ་ནས་ཚད་གཞི་ནན་ཤོས་ཀྱིས་བསྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་བྱས་ཏེ།  ལྷོད་གཡེང་རྩ་བ་ནས་མི་གཏོང་བར་ལྡོག་འདྲེན་གནད་དོན་མཐའ་དག་དོན་འཁྱོལ་ཐུབ་པ་དང་གྲུབ་འབྲས་ལྡན་པ།  ཞིབ་བཤེར་རྩིས་ལེན་ཐུབ་པ་བཅས་བྱེད་དགོས་པ་དང་བཅོས་སྒྲིག་དོན་འཁྱོལ་དང་གནད་དོན་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་པ་དང་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ།  མང་ཚོགས་ཀྱི་དོ་ཁུར་དང་རེ་བ་ཆུད་ཟོས་སུ་མི་གཏོང་བར་སྤྱི་ཚོགས་ཡོངས་ཀྱིས་མཉམ་འཛིན་མཉམ་སྒྲུབ་དང་ཐུན་མོང་བཅོས་སྒྲིག་གི་སྟོབས་ཤུགས་ཆེན་པོ་ཆགས་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།། 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]