གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ཡར་རྒྱས་དང་ཕྱོགས་ཡོངས་ཉམས་སད་ཐེག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གཉིས་པའི་ཚེས ༨ ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ལོ ༢༠༡༧ ལོའི་ལྗོངས་ཡོངས་ཀྱི་ས་ཁུལ༼གྲོང་ཁྱེར༽ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་།  ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་ལས་དོན་ལ་དམ་འཛིན་བྱས་ནས་འགན་སྒྲུབ་གསལ་ཞུའི་དཔྱད་མོལ་ཚོགས་འདུ་འཚོགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིན་ཇེ་ཡིས་འགན་སྒྲུབ་གསལ་ཞུའི་གནས་ཚུལ་ལ་དཔྱད་བརྗོད་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཁོང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་གལ་ཆེའི་བཀའ་སློབ།  དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བཅས་བྱས་ནས།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།  གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ཡར་རྒྱས་དང་ཕྱོགས་ཡོངས་ཉམས་སད་ཐེག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།  
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་རྣམ་གཉིས་ཚོགས་འདུར་ཕེབས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།   
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་བསྟན་ཁོ་དང་ཝང་གཡུང་ཅུན།  ཙེང་དབན་མིན།  ཅང་ཇེ།  སྤེན་པ་བཀྲ་ཤིས་བཅས་ཚོགས་འདུར་ཕེབས་པ་དང་།  ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།   
ཚོགས་འདུའི་ཐོག  ས་ཁུལ༼གྲོང་ཁྱེར༽ཁག་གི་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་ཧྲུའུ་ཅིས།  གཞི་རིམ་ཏང་འཛུགས་ལས་དོན་ལ་དམ་འཛིན་བྱེད་ཚུལ་རིམ་པ་ལྟར་གསལ་ཞུ་བྱས་པ་དང་།  ཝུའུ་དབྱིན་ཇེ་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན་སོགས་ཀྱིས་རེ་རེ་བཞིན་དཔྱད་བརྗོད་གནང་བ་རེད།  
ཝུའུ་དབྱིང་ཇེ་ཡིས་ད་རེས་ཀྱི་འགན་སྒྲུབ་གསལ་ཞུའི་དཔྱད་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་གཅིག་བསྡུས་དང་བཀོད་སྒྲིག་དམ་ཚགས།  གོ་རིམ་ཚགས་ཚུད།  བླང་བྱ་ཞིབ་ཕྲ་བཅས་བྱས་པ་དང་།  གཞི་རིམ་ཏང་འཛུགས་ལས་ཀའི་ནང་གནས་པའི་ཞན་ཆའི་ལྷུ་ཚིགས་འཚོལ་ཞིབ་ཡང་དག་པ་དང་བཅོས་སྒྲིག་ཁ་ཕྱོགས་གསལ་བ།  རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་བ།  རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁྲི་གཙང་སྒྲུབ་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ་བཅས་བྱུང་ཡོད་པས།  ངེས་གནས་ལྟ་བསྡུར་དང་མཉམ་སྡེབ་བཅོས་སྒྲིག་ཅིག་རེད་ལ།  བསམ་བློའི་གོ་རྟོགས་མཐོར་གཏོང་དང་འགན་འཁྲི་བརྒྱུད་སྤེལ་ཞིག་ཀྱང་དེ་བས་ཡིན་པས།  གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་གཏོང་གི་ཁྲིད་ཕྱོགས་གསལ་པོ་བཟོས་ཡོད།  ས་ཁུལ༼གྲོང་ཁྱེར༽ཁག་གི་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་དང་ལས་རིགས་ཁོངས་གཏོགས་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་ཧྲུའུ་ཅིས་ལས་ཀའི་ནང་གི་ཞན་ཆའི་ལྷུ་ཚིགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དཔྱད་བརྗོད་བསམ་འཆར་བཏོན་ནས།  བསམ་ཕྱོགས་གསལ་པོ་བཟོ་བ་དང་བྱ་ཐབས་བཟོ་བ།  བཅོས་སྒྲིག་དམ་འཛིན་བྱེད་པ་བཅས་བྱས་ཏེ་ཏང་འཛུགས་ལ་དམ་འཛིན་དང་ལས་ཀར་སྐུལ་སྤེལ།  ཕན་འབྲས་ཐོན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 
ཝུའུ་དབྱིང་ཇེ་ཡིས་ད་རེས་ཀྱི་འགན་སྒྲུབ་གསལ་ཞུའི་དཔྱད་མོལ་ཚོགས་འདུས་གོ་སྐབས་དང་སྒུལ་ཤུགས་བྱས་ཏེ།  ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་མཐུད་ཤུགས་འདོན་དང་།  གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བཏིང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད།  རྩ་འཛུགས་ཀྱི་འགན་སྲུང་ནུས་ལྡན་མཁོ་འདོན་བྱེད་དགོས་པ་དེ་ཡང་།  གཅིག་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་ཡང་དག་ཆུད་པ་བྱེད་པ།  གཉིས་ནས། འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས།  ཆབ་སྲིད་ཀྱི་རྩ་དོན།  ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་པ།  གསུམ་ནས། ཕུགས་བསམ་དང་དད་སེམས་བརྟན་པོས་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་པོ་སྲུང་བ།  བཞི་ནས། ཆབ་སྲིད་ཀྱི་ནུས་པ་མངོན་ཆེར་འཛིན་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པོ་ཡོང་རྒྱུར་སྐུལ་སྤེལ་གཏོང་བ།  ལྔ་ནས། འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱབ་ཏེ་གཞི་རིམ་ཏང་འཛུགས་ཀྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]