ཆེ་དགྲ་ལྷས་ལྷ་སར་ཆ་འཕྲིན་ཅན་ལས་དོན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་ཆ་འཕྲིན་ཅན་ལས་དོན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་བ་མ་ཟད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་དང་འཚམ་འདྲི་གནང་བ་རེད།
ཆེ་དགྲ་ལྷ་སྔ་རྗེས་སུ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་སོགས་ལ་ཕེབས་ནས་ས་གནས་ས་ཐོག་གི་བརྟག་ཞིབ་གནང་བ་རེད།  ཆེ་དགྲ་ལྷས།  མང་ཚོགས་ཀྱི་དོན་དག་སྒྲུབ་རྒྱུར་སྟབས་བདེ་སྐྲུན་རྒྱུ་ནི་སྲིད་དོན་དང་ཞབས་ཞུ་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན་པས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་བརྟན་པོ་བཙུགས་ནས།  མང་ཚོགས་ཀྱི་དགོས་མཁོ་ལ་ཞབས་ཞུ་དང་མང་ཚོགས་ཀྱི་རེ་འདོད་ནུས་ལྡན་སྐོང་དགོས་པའི་མཛུབ་སྟོན་གནང་བ་རེད།
བརྟག་ཞིབ་གནང་སྐབས།  ཆེ་དགྲ་ལྷས་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བརྒྱུད་ཡུལ་སྨད་ཤང་གི་ལས་བྱེད་པ་དང་གྲོང་མིར་བརྙན་ལམ་སྦྲེལ་མཐུད་གནང་བ་རེད།  ཆེ་དགྲ་ལྷས་གྲོང་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་འཁུར་ཟབ་མོ་གནང་ལུགས་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་།  རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་རྒྱུའི་བྱ་སྤྱོད་ངོ་མར་བསྒྱུར་བ་བྱས་ཏེ།  ཡང་འབད་བསྐྱར་འབད་ཐོག་ནས་བླ་ན་མེད་པའི་རྒྱལ་ཁབ་ས་ཆའི་སྲུང་སྐྱོང་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པའི་མིག་དཔེ་བྱེད་རྒྱུའི་ཐུགས་རེ་གནང་བ་རེད།  ཡུལ་སྨད་མང་ཚོགས་ནས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་ཟབ་མོ་བློ་ལ་བརྟན་པོ་བཅང་ནས།  ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཡུལ་སྨད་ལ་གཞི་ཚུགས་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོ་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད།
རང་ལྗོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་གནས་ཚུལ་གྱི་སྙན་ཞུ་གསན་རྗེས།  ཆེ་དགྲ་ལྷས།  ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་བར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དགོངས་པའི་ཚན་རིག་དང་མཐུན་པའི་ནང་དོན་དང་རྩ་བའི་བླང་བྱ་ཁོང་དུ་ཆུད་པ་བྱས་ནས།  གཙོ་གནད་མངོན་ཆེར་འཛིན་པ་དང་ཞན་ཆ་སེལ་བ།  གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་དྲ་བར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་གློད་སྡོམ་ཞབས་གསུམ་གྱི་ལས་དོན་ཁག་མགྱོགས་པོ་སྤེལ་ཏེ།  ཆ་འཕྲིན་ལ་བརྟེན་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་རྒྱུ་དོན་འཁྱོལ་ནུས་ལྡན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཆ་འཕྲིན་ཅན་གྱི་མྱུར་བགྲོད་གཞུང་ལམ་ཐོག་གི་ཐོབ་སྣང་དེ་བས་མང་བ་དང་བློ་ཡིད་འཚིམ་ཚད་དེ་བས་ཆེ་བ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]