ཝུའུ་དབྱིང་ཇེས་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བརྟག་ཞིབ་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ།  སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས།  སྔ་རྗེས་སུ་ལྷ་སའི་ཁྲོམ་གཟིགས་སྒང་སྡེབ་ཚོང་ཁྲོམ་ར་དང་ལྕགས་པོ་རི་ཞིང་ཞོར་ཉོ་ཚོང་ཁྲོམ་ར།  པའེ་དབྱིས་སྒོ་རྩིས་ཚོང་ཁང་བཅས་ལ་ཕེབས་ནས་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།  ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་པ་རྒྱུན་འཁྱོངས་ངང་མང་ཚོགས་ཀྱི་བདེ་སྡུག་ནམ་ཡང་སེམས་ལ་བཅངས་ཏེ།  དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་བྱེད་པ་དང་ཟོག་གོང་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས།  བཟའ་བཅའི་བདེ་འཇགས་འགན་སྲུང་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་རྣམས་དགའ་སྤྲོ་འཆམ་མཐུན་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲི་ཀྲོང་ཡན་དང་པད་མ་དབང་འདུས།  ལོ་མེ་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།  

ཁྲོམ་གཟིགས་སྒང་སྡེབ་ཚོང་ཁྲོམ་རར་ཚོང་ཟོག་ཉོ་མཁན་མི་ཚོགས་ཀྱིས་ཁེངས་ཡོད།  རིགས་ཁག་གི་རྒྱུན་མཁོའི་དངོས་ཟོག་དང་ཕྱུར་ར།  མར།  བྱི་རིལ།  ཁ་ཟས།  ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་སྣ་ཁ་འཛོམས་པོ་ཡོད།  ཝུའུ་དབྱིང་ཇེ་ཡིས་ཕེབས་གཟིགས་གནང་ཞོར་དུ་ཚོང་པ་ཚོ་དང་བཀའ་མོལ་ཡང་ཡང་གནང་ནས་དངོས་ཟོག་འཐེན་པའི་ཐབས་ལམ་དང་ཚོང་ཟོག་གི་གོང་ཚད།  ཕྱིར་ཚོང་ཡོང་འབབ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཁོང་གིས་འབྲེལ་ཡོད་ཚན་པས་ཁྲོམ་རར་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་ཟོག་ཡོང་ཁུངས་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་ཚོང་ཟོག་ཕུན་སུམ་ཚོགས་སུ་བཏང་སྟེ།  ཞིང་ཞོར་ཐོན་རྫས་དང་ལྷག་པར་དུ་ཚགས་ཤ་དང་ལུག་ཤ།  མར།  རྩམ་པ་སོགས་མང་ཚོགས་ཀྱི་འཚོ་བའི་ཉེར་མཁོའི་དངོས་ཟོག་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་ཐུབ་པ་བྱེད་དགོས་པ་དང་།  འབྲི་གཡག་རྒྱགས་གསོའི་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཤ་དང་འོ་མ།  མར་བཅས་ཀྱི་ཐོན་འཕར་མཐོ་རུ་ཧུར་ཐག་བཏང་སྟེ།  ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྔར་བས་ཡག་པོ་སྐོང་དགོས་པ།  ཞིབ་བཤེར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ཏེ།  གཞུང་དྲང་གི་ཉོ་ཚོང་འགན་སྲུང་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།  
ལྕགས་པོ་རི་ཞིང་ཞོར་ཉོ་ཚོང་ཁྲོམ་རར་ཤ་རིགས་དང་ཆུའི་ཐོན་རྫས་རིགས་མཁོ་སྤྲོད་འདེང་ངེས་ཡོད་པ་དང་སྔོ་ཚལ་དང་ཤིང་འབྲས་སྣེ་ཁ་འཛོམས་པོ་ཡོད་པ་རེད།   ཝུའུ་དབྱིང་ཇེ་ཡིས་གཟིགས་ཞིབ་གནང་བ་དང་ཉོ་འཚོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།  ཁོང་ནས་ཉེ་དུས་ནི་ལོ་གསར་གྱི་མཁོ་ཆས་ཉོ་སྒྲུབ་བྱེད་མང་ཤོས་ཀྱི་དུས་ཚོད་ཡིན་པས།  ཚོང་དོན་ཚན་པས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་དགོས་ལ།  ཚོང་པས་ཀྱང་ཁེ་ཉུང་བྲིན་མང་ཐོག་ནས་་འཛད་སྤྱོད་པར་གོང་ཁེ་ཙམ་གཏོང་དགོས་པ་དང་།  ཚད་གཞི་ནན་ཤོས་དང་ལྟ་འདོམས་ནན་ཤོས།  ཆད་གཅོད་ནན་ཤོས།  འགན་འཁྲི་བདའ་འདེད་ནན་ཤོས་བཅས་ཀྱི་སྒོ་ནས་བཟའ་བཅའི་བདེ་འཇགས་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་སྟེ།  མི་རིགས་ཁག་གི་མང་ཚོགས་བློ་བདེ་པོའི་ངང་བཟའ་བཏུང་ལོངས་སྤྱོད་ཐུབ་པ་བྱེད་དགོས་པ་དང་།  དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱས་ནས་ཁོང་ཚོའི་འཚོ་བའི་དཀའ་ངལ་སེལ་རོགས་ཡག་པོ་བྱས་ཏེ།  ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་ཚོར་ཐུབ་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད། 
ཝུའུ་དབྱིང་ཇེ་ཡིས་པའེ་དབྱིས་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བར་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས།  པའེ་དབྱིས་སྒོ་རྩིས་ཚོང་ཁང་གི་ཁེ་ལས་ཐོན་འཕར་འབབ་འཕར་དང་ཁེ་ལས་ཀྱི་ལས་བཟོ་པའི་ཕན་བདེའི་ཐོབ་ཐང་ལེགས་བཅོས།  ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་།   སློབ་ཆེན་ཐོན་པའི་སློབ་མ་དང་ས་ཆ་དེ་གའི་མང་ཚོགས་ལས་ཀར་བསྡུས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུའི་ཐུགས་རེ་གནང་བ་རེད། 
རྟོག་ཞིབ་གནང་སྐབས་ཝུའུ་དབྱིང་ཇེ་ཡིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་རེད།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་གི་ལས་དོན་གལ་འགངས་ཆེ་ཤོས་ལ་རྩིས་ནས་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པ་དང་།  དོ་མཉམ་མེད་པ་དང་གང་ལེགས་མེད་པའི་གོང་འཕེལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ།  སྤུས་ཚད་མཐོ་བའི་གོང་འཕེལ་དང་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མང་ཚོགས་ཀྱི་བློ་འདོད་སྐོང་བ་དང་སེམས་ཁྲལ་སེལ་ནས།  མི་རིགས་ཁག་གི་མང་ཚོགས་ཚོས་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་།  ཁོང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]