ཆེ་དགྲ་ལྷས་ལྷ་སར་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་སོཌ་ལ་འཚམ་འདྲི་གནང་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས།  སྲིད་གཞུང་།  སྲིད་གྲོས་བཅས་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱི་ཚབ་ཞུས་ནས།  ལྷ་སར་ལས་འཁྱུར་ངལ་གསོ་དང་རྒན་ཡོལ་ཞུས་པའི་ལས་བྱེད་རྒན་གྲས་དང་ལམ་བཞིའི་བོད་སྐྱོད་འཐབ་འཛིང་པ་རྒན་གྲས།  རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་མི་སྣའི་རྗེས་རབས་པ་བཅས་ཁག་ཅིག་ལ་གཟིགས་པ་དང་འཚམ་འདྲི་གནང་ནས།  བླ་ན་མེད་པའི་གུས་བཏུད་དང་ལོ་གསར་གྱི་སྨོན་འདུན་ཞུས་གནང་སྟེ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མཚོན་པ་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ལིའི་ཝུན་ཧན།  སྒྲོལ་དཀར་སོགས་ཀྱིས་ཕེབས་སྐྱོང་ཞུས་ཡོད།

ཆེ་དགྲ་ལྷས་སེམས་རྩ་འཁོལ་བའི་ཞབས་ཞུ་སྒྲུབ་པ་དང་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ།  ནུས་ཤུགས་གང་ཡོད་ཀྱིས་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ།  རྒྱ་ཆེའི་ལས་བྱེད་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་ཚེ་མཇུག་སྔར་བས་སྤྲོ་པོ་ཡོང་བ་དང་།  རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་འགྱུར་མི་སྣ་དང་ཁོང་ཚོའི་རྗེས་རབས་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་དང་།  ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]