ལྷོ་ཁའི་ཞིང་གསུམ་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་གསུམ་གནད་དོན་དེ་མངོན་ཆེའི་གནས་བབ་ཐོག་བཞག་ནས་གོང་འཕེལ་གྱི་བསམ་ཕྱོགས་གསར་པ་རྒྱུན་འཁྱོངས་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་གསུམ་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 
ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ལས་གཉེར་སྐྱོང་གཙོ་གཟུགས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བས།  དེང་སྐབས་གྲོང་ཁྱེར་དེ་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་གཉིས་དང་གྲོང་ཁྱེར་རིམ་པའི་ཁེ་ལས་བདུན་ཡོད་པ་དེ་དག་གིས།  མི་རེར་ཆ་སྙོམས་ཡོང་འབབ་སྒོར ༤༡༠༠ ལྷག་ཙམ་རེ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་རེད།  ཞིང་འབྲོག་ལས་ཐད་ཀྱི་བརྒྱ་སྟོང་ཁྲིའི་ལས་གཞིའི་གཞི་ཁྱོན་རགས་ཙམ་ཆགས་པ་དང་།  གྲ་ནང་གི་ལི་གྲོར་རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ཁུལ་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ།  ལྷོ་བྲག་ཕིང་དེ་རྒྱལ་ཁབ་ཡུལ་ལུང་མཚོན་རྟགས་ཀྱི་སྲུང་སྐྱོབ་ཐོན་རྫས་སུ་གཏོད་ཐུབ་པ་བཅས་བྱུང་ནས།  འབྲུ་རིགས་ཐོན་འབབ་བསྟུད་མར་འཕར་སྣོན་བྱུང་བ་རེད། 
ལྷོ་ཁ་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ་དེ་ཡང་སྣེ་གདོང་ཆུས་ཀྱི་དབུལ་ཞྭ་སྔོན་ལ་ཕུད་ཐུབ་པ་དང་།  ཆུ་གསུམ་དང་ལྷོ་བྲག  ཟངས་རི།  རྒྱ་ཚ།  འཕྱོངས་རྒྱས།  མཚོ་སྣ་བཅས་རྫོང་དྲུག་རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་ཚད་གཞིར་སླེབས་པ།  དབུལ་ཕོངས་མང་ཚོགས ༡༨༤༡༨ དབུལ་གྲོལ་ཐུབ་པ་བཅས་བྱུང་ཡོད། 
ཉེ་བའི་ལོའི་རིང་ལྷོ་ཁ་གྲོང་ཁྱེར་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཤུགས་ཆེ་བྱས་པས།  ཤང་གྲོང་རྡལ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༩༦.༣ དང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༦༧.༨ ཟིན་པ་མ་ཟད།  བོད་དབུས་རྒྱུད་ཀྱི་གློག་དྲ་ཤང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]