ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༨ ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས།  ས་ཁུལ༼གྲོང་ཁྱེར༽ཁག་ཏུ་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ་དང་།  རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དང་སྤྱི་ཟླ་གསུམ་པའི་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་སླར་ཡང་ནན་བཤད་དང་བཀོད་སྒྲིག་བཅས་བྱས་པ་རེད།  
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་གཡས་ཤན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ཏིང་གཡས་ཤན་ནས་དེང་སྐབས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་བདེ་སྲུང་དང་སྤྱི་ཟླ་གསུམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས།  རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ཚོས་ངར་ཤུགས་སྒྲིམ་པ་དང་རྒྱུན་མཐུད་ལས་སྒྲུབ།  གྲ་སྒྲིག་ཨང་གསར།  ནུས་ཤུགས་ཡོད་རྒུ་བཅས་ཀྱི་ཐོག་ནས།  རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་དང་སྤྱི་ཟླ་གསུམ་པའི་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པ་དང་།  རིམ་པ་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན་ཚོས་བསམ་བློའི་ཐད་དོགས་ཟོན་ཆེར་སྐྱེས་དང་བྱ་ཐབས་ཐད་རྒྱུན་མཐུད་ཤུགས་འདོན།  སྔོན་དཔགས་སྔོན་བརྡའི་ཐད་སྤུས་འབོར་གཉིས་ལྡན།  ཐག་གཅོད་ཐད་མྱུར་ལ་འཕྲལ་ཐག་ཆོད་པ།  འགན་འཁྲིའི་ཐད་དོན་འཁྱོལ་ཏན་ཏིག  སྒྲིག་ཁྲིམས་ཐད་ནན་ཞིང་གསལ་བ་བཅས་ཡོང་བ་བྱེད་དགོས་པའི་བཀའ་སློབ་གནང་བ་རེད།  
ཚོགས་འདུ་མ་ཚོགས་གོང་ཏིང་གཡས་ཤན་ར་མོ་ཆེ་གཙུག་ལག་ཁང་དང་ཁྲོམ་གཟིགས་སྒང་སྡེབ་ཚོང་ཁྲོམ་ར།  བར་སྐོར་ཁྲོམ་གཞུང་།  ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་སོགས་སུ་ཕེབས་ནས་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་།  ལས་སྒྲུབ་མི་སྣ་དང་ཕྱག་བཏང་གནང་བ་མ་ཟད་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ཐད་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]