རྒྱལ་ཡོངས་མི་དམངས་འཐུས་ཚོཌ་སྐབས༡༣པའི་ཚོཌ་འདུ་ཐེངས་དང་པོས་ཚང་འཛོམས་གྲོས་ཚོཌ་ཐེངས་གཉིས་པ་འཚོཌ་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ ཚེས ༩ ཉིན་གྱི་ཕྱི་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་།  ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་པ་དང་དེར་གྲོས་ཞིབ་གནང་བ་རེད།  ཞི་ཅིན་ཕིང་དང་།  ལི་ཁེ་ཆང་།  ལི་ཀྲན་ཧྲུའུ།  དབང་དབྱང་།  ཝང་ཧུའུ་ཉིང་།  ཀྲའོ་ལེ་ཅི།  ཧན་ཀྲེང་སོགས་ཕེབས་ཡོད་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཁྲུན་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ཚོགས་འདུར་ཕེབས་དགོས་ངེས་གྱི་འཐུས་མི ༢༩༨༠ ཡིན་པ་ནས་འཐུས་མི ༢༩༦༠ ཕེབས་ཡོད་པས་ཁྲིམས་གཏན་མི་གྲངས་དང་མཐུན་གྱི་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲའུ་ཆང་ནས་ཁྲིམས་ཁང་གི་ལས་དོན་སྐོར་སྙན་སྒྲོན་གནང་སྐབས།  ཕྱོགས་དགུའི་ཐད་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་ཀར་ཕྱོགས་བསྡོམས་གནང་ཡོད།  དེ་ཡང་གཅིག་ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་ནན་པོ་བྱས་ནས་དུས་བདེའི་ཀྲུང་གོ་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་།  གཉིས་ནི་ནན་ལ་གཞུང་དྲང་ངང་ཁྲིམས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ།  གསུམ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་ནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་འགྲོ་རྒྱུ་འགན་ལེན་བྱ་རྒྱུར་ཞབས་འདེགས་ཞུས་པ།  བཞི་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྣ་མང་ཅན་གྱི་ཁྲིམས་འཛིན་དགོས་མཁོ་ཧུར་ཐག་བསྐངས་པ།  ལྔ་ནི་འགག་གྲོལ་དཀའ་སེལ་བྱས་ནས་ལག་བསྟར་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱེད་པའི་ཐད་འཕེལ་རྒྱས་གལ་ཆེན་བྱུང་བ།  དྲུག་ནི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ།  བདུན་ནི་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྒོ་དབྱེ་དང་སྟབས་བསྟུན།  ཁ་གསལ།  དམངས་ཕན་བཅས་ཀྱི་ཁྲིམས་འཛིན་ལམ་སྲོལ་སྤྱིར་ན་ཆགས་པ།  བརྒྱད་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཁྲིམས་ཁང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་།  འགན་ཁུར་ཕོད་པ་བཅས་ཀྱི་མི་དམངས་ཁྲིམས་ཁང་གི་དཔུང་ཁག་འཛུགས་སྐྱོང་བྱས་པ།  དགུ་ནི་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ནས་མི་དམངས་ཁྲིམས་ཁང་གི་ལས་དོན་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་བཅས་རེད།

ཀྲའུ་ཆང་ནས།  སྤྱི་ལོ ༢༠༡༨ ལོའི་ལས་དོན་གྱི་གྲོས་འགོའི་ཐད་ཕྱོགས་བདུན་ནས་སྙན་སྒྲོན་གནང་ཡོད།  དེ་ཡང་གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་།  གཉིས་ནས་ཁྲིམས་བཞིན་ཉེས་གསོག་ལ་ཆད་པ་ནན་པོ་བཅད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ།  གསུམ་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་འདྲི་ཞིབ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་རྒྱུ།  བཞི་ནས་དམངས་ཆེད་ཁྲིམས་འཛིན་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ།  ལྔ་ནས་ཁྲིམས་འཛིན་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།  དྲུག་ནས་ཁྲིམས་འཛིན་ཡོངས་བསྒྲགས་མཐའ་འཁྱོངས་བྱས་ནས་རིག་ལྡན་ཁྲིམས་ཁང་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུ།  བདུན་ནས་ཉམས་སད་ཐེག་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས་གཞུང་དྲང་སྤྱོད་གཙང་ངང་ཁྲིམས་འཛིན་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚའོ་ཅན་མིང་ནས་ལས་དོན་སྙན་སྒྲོན་གནང་སྐབས།  འདས་ཟིན་པའི་ལོ་ལྔའི་རིང་གི་ཞིབ་དཔྱོད་ལས་དོན་ལ་ཕྱོགས་བདུན་ཐད་ནས་ཕྱིར་དྲན་གནང་ཡོད།  དེ་ཡང་གཅིག་ནི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྡོད་ལས་བརྩོན་ཐུབ་པའི་འགན་ལེན་བྱས་པ་དང་།  གཉིས་ནི་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་སྤྱི་ཡོངས་ལ་ཞབས་ཞུ་དང་དམངས་འཚོ་འགན་ལེན་བྱས་པ།  གསུམ་ནི་རུལ་སུངས་གནད་དོན་ཡོད་ཕྱིན་ངེས་པར་དུ་ངོ་རྒོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་སྟག་སྦྲང་མཉམ་རྡུང་དང་ཝ་རྔོན་བྱ་སྤྱོད་སྤེལ་བ།  བཞི་ནི་གཏུག་བཤེར་བྱེད་སྒོར་བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་གཞུང་དྲང་སྲུང་སྐྱོང་ཏན་ཏིག་བྱས་པ།  ལྔ་ནས་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།  དྲུག་ནི་ལྕགས་རྡུང་བར་ངེས་པར་དུ་ཐོ་བ་མཁྲེགས་དགོས་པ་བློ་ལ་བརྟན་པོར་ངེས་ནས་ཞིབ་དཔྱོད་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱས་པ།  བདུན་ནི་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ནས་རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་པ་བཅས་རེད།

སྤྱི་ལོ ༢༠༡༨ ལོའི་ལས་དོན་གྱི་གྲོས་འགོའི་སྐོར་གླེང་སྐབས་ཚའོ་ཅན་མིང་ནས་ཕྱོགས་དྲུག་གི་ཐད་ནས་གསལ་ཞུ་བྱས་ཡོད།  དེ་ཡང་གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་།  གཉིས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ།  གསུམ་ནས་དུས་རབས་གསར་པར་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ།  བཞི་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རྒྱལ་ཁབ་ཁྲིམས་ལུགས་གཅིག་གྱུར་གྱི་ཟིལ་ཤུགས་དང་དབང་གྲགས་སྲུང་སྐྱོང་བྱ་རྒྱུ།  ལྔ་ནས་སྒྱུར་བཅོས་ཀྱི་ཆབ་སྲིད་ངེས་ཤུགས་བརྟན་དུ་བཏང་ནས་སྒྱུར་བཅོས་མཐར་ཕྱིན་བྱ་རྒྱུ།  དྲུག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཞིབ་དཔྱོད་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས།  ཆབ་སྲིད་ཐད་ཉམས་སད་ཐེགས་ཐུབ་ལ་འཇོན་ཐང་ཆེ་བའི་དུས་རབས་གསར་པའི་ཞིབ་དཔྱོད་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་བཅས་རེད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མ་ཧྥེང་གོ་དང་པཱ་དབྱིན་ཁྲའོ་ལུའུ།  ཝུའུ་དབྱིང་ཅེ།  དབྱིན་དབྱི་ཚུའེ།  ལུའུ་ཤིན་ཧྲེ།  ཧྥེང་ཆིང་ཧྭ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]