བོད་ལྗོངས་འཐུས་མི་ཚོགས་པས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་མ་ཟིན་ལ་གྲོས་ཞིབ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༡༡ ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ནས།  རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་མ་ཟིན་དང་འབྲེལ་ཡོད་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་རེད།
བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་གྲོས་ཞིབ་ནང་ཞུགས་ཡོད།
ཚང་མས་རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་བརྒྱུད་རིམ་ནང་།  བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མི་ཡོངས་དང་ཟུར་ཞུགས་དང་ཟུར་ཉན་མི་སྣས་ཐོག་མཐའ་བར་གསུམ་དུ་འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་བརྟན་དུ་བཏང་སྟེ།  ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་རྩ་ཁྲིམས་བཟོ་བཅོས་སྐོར་གྱི་ཚོགས་ཆེན་གྱི་སྤྱིའི་བླང་བྱ་དང་རྩ་དོན་གཞིར་བཟུང་།  གྲོས་ཞིབ་ནན་ཏན་དང་གཏམ་བཤད་ཧུར་ཐག་བྱས་ཐོག་བསམ་བློའི་ངོས་འཛིན་གཅིག་གྱུར་ཡག་པོ་བྱུང་ཡོད་པའི་ངོས་འཛིན་གནང་བ་རེད།
ཚོགས་འདུའི་ཐོག  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱེད་རྒྱུར་ཕུལ་བའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནི་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་རྒྱུན་འཁྱོངས་དང་གོང་འཕེལ་ཐོག་ནས་བཏོན་པའི་མཛད་ཇུས་གལ་ཆེན་ཞིག་དང་།  ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་གཏིང་ཟབ་དུ་བཏང་ནས།  ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྔར་བས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཐད་དངོས་ཡོད་དང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་གནང་བ་དང་ཆབས་ཅིག  ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་རིག
་གཞུང་གི་ལྟ་བ་གལ་ཆེན་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན།  ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་ནང་བཅུག་པ་དེར་ཡོངས་སུ་མོས་མཐུན་དང་སྲུང་བརྩི་མཐའ་གཅིག་ཏུ་ཞུ་རྒྱུ་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འགན་བཞེས་དུས་ཡུན་གྱི་གཏན་འབེབས་དང་ཏང་གི་སྒྲིག་ཡིག་གིས་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་གི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་དུས་ཡུན་གཏན་འབེབས་གཅིག་འགྱུར་བྱས་པར་ཡོངས་སུ་མོས་མཐུན་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ།  ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་དཀྲིས་པའི་རྩ་ཁྲིམས་ཀྱི་གནས་འབབ་ལ་ཡོངས་སུ་མོས་མཐུན་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དུ་མིང་སྒྱུར་བྱེད་རྒྱུར་ཡོངས་སུ་མོས་མཐུན་དང་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་བཅས་ཡིན་ཞེས་གསུངས་པ་དང་སྦྲགས།  ཚོགས་ཆེན་ཐོག་བཏོན་པའི་དེ་མིན་གྱི་རྩ་ཁྲིམས་བཟོ་བཅོས་ཀྱི་ནང་དོན་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་འགོའི་བརྡས་ཐག་མ་ཟིན་ལ་ཡོངས་སུ་མོས་མཐུན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཚང་མས་རྩ་ཁྲིམས་བཟོ་བཅོས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཇུས་བཀོད་སྒྲིག་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས།  རྩ་ཁྲིམས་ལག་བསྟར་ཐུབ་པ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་ལས་ཀ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ལ་གཞིགས་ནས་དབང་ཆ་སྤྱོད་པ་དང་འགན་ནུས་སྒྲུབ་པ།  དར་ཆ་གསལ་སྟོན་གྱི་སྒོ་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས།  རྩ་ཁྲིམས་དེ་རང་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཀྱི་ཚད་གཞི་དང་རྩ་བའི་བྱ་འགུལ་གྱི་ཚད་གཞིར་འགྱུར་བ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]