ཀྲའོ་ལེ་ཅི་ཡིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མི་ཚོ་དང་ལྷན་དུ་གྲོས་ཞིབ་གནང་བ་རེད།  
བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་ཁེ་ཀྲེ་དང་པད་མ་འཕྲིན་ལས་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཚེ་རིང་མཚོ་བརྟན།  ཕུན་ཚོགས་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།  
འཐུས་མི་རྣམ་པས་ཆེས་མཐོའི་མི་དམངས་ཁྲིམས་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ཐོག  ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་ལུགས་དང་།  ལོ་ལྔའི་ནང་ཀྲུང་གོའི་ཁྲིམས་འཛིན་བྱ་གཞག་ཐད་ཀྱི་ཡར་རྒྱས་ཆེན་པོ་དང་གོང་འཕེལ་མྱུར་པོ་མངོན་ཡོད་པ་དང་།  དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དང་འགན་སྲུང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པས།  སྙན་སྒྲོན་དེ་གཉིས་ལ་ཡོངས་སུ་མོས་མཐུན་ཡོད་ཅེས་གསུངས་པ་རེད། 
ཀྲོའོ་ལེ་ཅིས་འཐུས་མི་རྣམ་པའི་གཏམ་བཤད་གསན་རྗེས་སྤྱོད་ཚུལ་བཞི་ཡོ་བསྲང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཏན་ཏན་ཏིག་ཏིག་དང་སྙིང་རུས་རྒྱུན་འཁྱོངས་ཐོག་ནས་དམིགས་བསལ་དབང་ཆའི་བསམ་བློ་དང་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་པ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་མེད་ངོ་འགྱུར་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ།  དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་པ་དོན་འཁྱོལ་བྱས་ནས་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ།  སྤྱོད་ཚུལ་ཐད་གནད་དོན་བསྐྱར་དུ་གཏན་ནས་མི་ཐོན་པ་བྱེད་དགོས་པ་དང་།  དམ་འཛིན་ཏན་ཏིག་དང་ཕྱིར་གཤོལ་གཏན་ནས་མི་བྱེད་པའི་ཐོག་ནས།  གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པ་དང་སྦྲེལ་ཚིགས་རེ་རེ་བཞིན་རྒྱུན་འཁྱོངས་བྱས་ཏེ།  སྤྱོད་ཚུལ་བཞིའི་གནད་དོན་ཡོ་བསྲང་བྱེད་རྒྱུ་དེ་གོམས་གཤིས་ལ་འགྱུར་བ་བྱེད་དགོས་པ།  རྒྱ་ཁྱབ་ངང་མང་ཚོགས་ཀྱི་བསམ་འཆར་ཉན་ནས་གནད་དོན་གང་ཞིག་ཡོད་ཀྱང་དེ་ཐག་གཅོད་བྱེད་པ་དང་།  གནད་དོན་གང་ཞིག་མངོན་གསལ་དོད་ཚེ་དེ་བཅོས་སྒྲིག་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པའི་ཐོག་ནས།  འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྟོབས་ཆེའི་བཟང་ནུས་གཅིག་སྒྲིལ་བྱེད་དགོས་པ་བཅས་ཀྱི་བཀའ་སློབ་གནང་བ་རེད།  
ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བློ་མཐུན་ཀྲའོ་ལེ་ཅིའི་གསུང་བཤད་གལ་ཆེན་ནི་ང་ཚོར་གནང་བའི་སྐུལ་ལྕག་བཟང་པོ་ཞིག་ཡིན་པས།  ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་།  བྱ་སྤྱོད་ངོ་མའི་ཐོག་ནས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་སྟེ།  གཡུར་ཟའི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་།  རྒྱལ་ཡོངས་མི་དམངས་བཅས་ཀྱི་བློ་ཡིད་འཚིམ་པའི་ལས་དོན་སྤེལ་དགོས་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]